བོད་ཤར་རྒྱུད་ཀྱི་དབུལ་སྒྲོལ་བརྙན་པར། ང་ཚོ་སྡོད་ཁང་གསར་པར་སྤོས་པ་ཡིན།

2020-10-15
0

(脱贫攻坚·图片故事)(1)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བྱིས་གྲོངས་ཤང་མཁར་པོ་གྲོང་ཚོའི་གྲོང་མི་ཚེ་རིང་དབང་འདུས(གཡས)དང་ཁོང་གི་ཨ་མ་མཚོ་མོ་བཀོད་སྒྲིག་བྱ་ཡུལ་ཐོག་ཁང་གི་མདུན་དུ་ཡོད། (ཟླ་9ཚེས་29ཉིན་པར་བླངས) གཡས་ཀྱི་པར་འདི་ནི་སྨར་ཁམས་རྫོང་གི་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་29ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར། ཚེ་རིང་དབང་འདུས་ཀྱི་ཁྱིམ་མཁར་པོ་གྲོང་ཚོའི་སྡོད་ཁང་རྙིང་པ་ནས་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་100ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། བཀོད་སྒྲིག་བྱ་ཡུལ་དེ་སྨར་ཁམས་རྫོང་གྲོང་དང་ཐག་ཧ་ཅང་ཉེ་སྟབས། ཚེ་རིང་དབང་འདུས་ལ་རྫོང་གྲོང་དུ་བདེ་སྲུང་བ་ཞིག་གི་ལས་ཀ་རག་ནས་ཟླ་རེར་གླ་ཕོགས་སྒོར་2100ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ཆབ་མདོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དུ་ཆགས་ཡོད། 2016ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་དུད་ཚང་དབུལ་པོ་ཁྲི་3.84ཡི་མི་ཁྲི་19.46ཉུང་དུ་ཕྱིན་པ་དང་། གྲོང་ཚོ་དབུལ་པོ་1127དབུལ་སྒྲོལ་ཐུབ་ཡོད། 2016ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་268གསར་པ་བསྐྲུན་ནས་སྡོད་ཁང་གི་གནད་དོན་གཅིག་སྡུད་ཐག་གཅོད་བྱས་པ་དང་ཆབས་ཅིག སློབ་གྲྭ་དང་། འཕྲོད་བསྟེན་ཁང་། དེ་བཞིན་ཆུ་དང་། གློག ལམ། དྲ་རྒྱ་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཀྱང་ཡག་པོ་བསྐྲུན་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་9.9གཅིག་རྗེས་གཉིས་མཐུད་དུ་རི་ཁུལ་ནས་ཐོན་ནས་སྡོད་ཁང་གསར་པར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་བཞིན་ཡོད།

(脱贫攻坚·图片故事)(2)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་བ་ལྡན་གྲོང་ཚོའི་གྲོང་མི་བྱམས་སྒྲོལ་གྱིས་ཁྲི་རྡོ་གྲོང་རྡལ་ཞིང་ཟོག་ཁྲོམ་རར་ཐོན་ཟོག་འཚོང་བཞིན་པ། (ཟླ་9ཚེས་18ཉིན་པར་བླངས) གཡས་ཀྱི་པར་འདི་ནི་ཁྲི་རྡོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་18ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར། བྱམས་སྒྲོལ་དང་ཁོ་མོའི་ནང་མི་རྣམས་བ་ལྡན་གྲོང་ཚོ་ནས་སྨི་ངོས་གྲུ་150ཡོད་པའི་བོད་བཟོའི་ཐོག་བརྩེགས་ཉིས་ཅན་གྱི་ཐོག་ཁང་ཞིག་ཏུ་སྤོས་པ་དང་། 2018ལོའི་ལོ་མཇུག་ཏུ། ཁྲི་རྡོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་ཐོན་ལས་ཤིག་ཡིན་པའི་ཆ་ནས། སྒོར་ཁྲི་500བཏང་བའི་ཁྲི་རྡོ་གྲོང་རྡལ་ཞིང་འབྲོག་ཐོན་རྫས་ཟོག་འགྲེམས་ལྟེ་གནས་བསྐྲུན་པ་དང་། ལྟེ་གནས་དེར་ཞིང་ཟོག་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ཞིག་ཡོད། བྱམས་སྒྲོལ་གྱིས་ཞིང་ཟོག་ཁྲོམ་ར་དེའི་ནང་སྨི་ངོས་གྲུ་10ལྷག་ཙམ་ཡོད་པའི་ཚོང་ཁང་ཞིག་བོགས་མར་བླངས་ཏེ་ཚོང་བརྒྱབ་པར་ཟླ་རེར་སྒོར་1000ལྷག་ཙམ་རག་གི་ཡོད་པའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཀྱང་ཡོད་པས་བྱམས་སྒྲོལ་ཁྱིམ་གྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(3)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བསྡུས་བ་གྲོང་ཚོའི་གྲོང་མི་དགའ་རྡོ་དང་ཁོང་གི་བཟའ་ཟླ་སྒྲོལ་དཀར་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པར་ཡོད། (ཟླ་9ཚེས་22ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རི་བོ་ཆེ་རྫོང་ས་མདོ་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་22ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར། དགའ་རྡོའི་ཁྱིམ་ས་མདོ་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་120ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། དགའ་རྡོའི་ཁྱིམ་དང་འདྲ་བར་རི་བོ་ཆེ་རྫོང་གི་ཁྲ་མོ་གླིང་ཤང་དང་། གཡས་རུ་ཤང་། རི་བོ་ཆེ་གྲོང་རྡལ་སོགས་ནས་སྤོས་པའི་མང་ཚོགས་3000ལྷག་ཙམ་གྱིས་དེ་གར་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གྱི་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(4)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་འོད་ཐང་གྲོང་ཚོའི་གྲོང་མི་རིག་དགའ(གཡས)དང་ཁོང་གི་བཟའ་ཟླ་ཡེ་ཤེས(དཀྱིལ) བུ་གུར་མགོན་ཏེ་ནང་མི་གསུམ་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་ཁང་གི་མདུན་དུ་ཡོད། (ཟླ་9ཚེས་27ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རྫོང་གྲོང་དུ་ཡོད་པའི་གོ་འཇོ་རྫོང་གི་ཡུལ་གཞན་དུ་གནས་སྤོས་གནད་སྨིན་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་པོའི་ཟུར་ཞིག་ཡིན། (ཟླ་9ཚེས་27ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར། རིག་དགའི་ཁྱིམ་རྫོང་གྲོང་དུ་ཡོད་པའི་གོ་འཇོ་རྫོང་གི་ཡུལ་གཞན་དུ་གནས་སྤོས་གནད་སྨིན་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་པོའི་སྨི་ངོས་གྲུ་82.5ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། བཀོད་སྒྲིག་བྱ་ཡུལ་དེར་རིག་དགའི་ཁྱིམ་དང་འདྲ་བར་གོ་འཇོ་རྫོང་གི་འབོ་ལོ་གྲོང་རྡལ་དང་། སྐྱ་འབེལ་ཤང་། ལྷ་ཐོ་ཤང་སོགས་ནས་སྤོས་པའི་མང་ཚོགས་2000ལྷག་ཙམ་གྱིས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(5)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་གྲོང་མི་བསོད་ནམས་རབ་རྒྱས་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུར་ཡོད། (ཟླ་9ཚེས་25ཉིན་པར་བླངས) གཡས་ཀྱི་པར་འདི་ནི་འཇོ་མདའ་རྫོང་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཟུར་ཞིག་ཡིན། (ཟླ་9ཚེས་25ཉིན་པར་བླངས) 2018ལོར། བསོད་ནམས་རབ་རྒྱས་དང་ཁོང་གི་ནང་མི་རྣམས་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་སྨི་ངོས་གྲུ་150ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། 2019ལོར། སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུར། བསོད་ནམས་རབ་རྒྱས་ཀྱིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བར་ཡོང་འབབ་བརྟན་པོ་རག་ནས་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། དེའི་གོང་དུ། བསོད་ནམས་རབ་རྒྱས་ཀྱིས་རྫོང་གྲོང་དུ་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(6)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གནམ་བཀྲ་གྲོང་ཚོའི་གྲོང་མི་དཔལ་ཆོས་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་ཁང་མདུན་དུ་ཡོད། (ཟླ་9ཚེས་22ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རི་བོ་ཆེ་རྫོང་གི་ས་མདོ་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་22ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོའི་ཟླ་བཅུ་གཉིས་པར། དཔལ་ཆོས་དང་ཁོ་མོའི་ནང་མི་རྣམས་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་100ཡོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། 2019ལོར། བཀོད་སྒྲིག་བྱ་ཡུལ་གྱི་ལས་དོན་མི་སྣའི་ངོ་སྤྲོད་བརྒྱུད། དཔལ་ཆོས་ཡུལ་དེ་གའི་ཀུང་སི་ཞིག་ཏུ་གླ་པ་བྱེད་པར་ཟླ་རེར་གླ་ཆ་སྒོར་3000ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(7)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་གྲོང་མི་བསོད་ནམས་བདེ་སྐྱིད་ཀྱིས་ཁྲི་རྡོ་གྲོང་རྡལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་པའི་རྣམ་པ་ཡིན། (ཟླ་9ཚེས་18ཉིན་པར་བླངས) གཡས་ཀྱི་པར་འདི་ནི་ཁྲི་རྡོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་18ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར། བསོད་ནམས་བདེ་སྐྱིད་དང་ཁོ་མོའི་ནང་མི་རྣམས་འུག་པ་གྲོང་ཚོ་ནས་ཁྲི་རྡོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཡངས་ཤིང་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ་དང་། བཀོད་སྒྲིག་བྱ་ཡུལ་དེར་སྒྲིག་བཀོད་ཆ་ཚང་ལ་འགྲིམ་འགྲུལ་སྟབས་བདེ་ཡོད་པ་རེད། བསོད་ནམས་བདེ་སྐྱིད་ཀྱིས་བཀོད་སྒྲིག་བྱ་ཡུལ་དེ་དང་ཐག་ཉེ་བའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་པར་ཟླ་རེར་གླ་ཕོགས་སྒོར་2000རེ་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(8)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མཆོད་རྟེན་ཤང་མཆོད་རྟེན་གྲོང་ཚོའི་གྲོང་མི་རིན་ཆེན་དབང་རྒྱལ(གཡོན་གྱི་གཉིས་པ)དང་། བཟའ་ཟླ་ཕུན་ཚོགས་གཡུ་སྒྲོན(གཡས་ཀྱི་དང་པོ) བུ་སངས་རྒྱས་རྒྱ་མཚོ(གཡོན་གྱི་དང་པོ) བུ་མོ་སྐར་མ་གཡང་འཛོམས་བཅས་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་ཁང་མདུན་དུ་ཡོད།(ཟླ་9ཚེས་29ཉིན་པར་བླངས) གཡས་ཀྱི་པར་འདི་ནི་སྨར་ཁམས་རྫོང་གི་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་29ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར་རིན་ཆེན་དབང་རྒྱལ་དང་ནང་མི་རྣམས་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་120ཟིན་པའི་སྡོད་ཁང་གསར་པར་སྤོས་ཡོད། བཀོད་སྒྲིག་བྱ་ཡུལ་དུ་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། སློབ་ཆུང་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད་པས་རིན་ཆེན་དབང་རྒྱལ་གྱི་ནང་མིར་དེ་གར་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(9)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་གྲོང་མི་པད་མ་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུར་ཡོད། (ཟླ་9ཚེས་25ཉིན་པར་བླངས) གཡས་ཀྱི་པར་འདི་ནི་འཇོ་མདའ་རྫོང་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཟུར་ཞིག་ཡིན། (ཟླ་9ཚེས་25ཉིན་པར་བླངས) 2017ལོར་པད་མ་དང་ནང་མི་དེ་སྔའི་སྡོད་ཁང་རྙིང་པ་ནས་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་སྨི་ངོས་གྲུ་150ཟིན་པའི་སྡོད་ཁང་གསར་པར་སྤོས་པ་རེད། སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འགྲིམ་འགྲུལ་སྟབས་བདེ་བས་པད་མའི་ཕྲུ་གུ་རྣམས་ཀྱང་ཐག་ཉེ་སར་ལས་ཀ་རག་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(10)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་ཤ་རུ་གྲོང་ཚོའི་གྲོང་མི་པད་མ་ནོར་བུ་དང་བཟའ་ཟླ་སྒྲོལ་དཀར་ལྷ་མོ་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པའི་ནང་ཡོད། (ཟླ་9ཚེས་27ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རྫོང་གྲོང་དུ་ཡོད་པའི་གོ་འཇོ་རྫོང་གི་ཡུལ་གཞན་དུ་གནས་སྤོས་གནད་སྨིན་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དང་པོའི་ཟུར་ཞིག་ཡིན། (ཟླ་9ཚེས་27ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོའི་ཟླ་11པར་པད་མ་ནོར་བུ་དང་ནང་མི་ཤ་རུ་གྲོང་ཚོ་ནས་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་165.5ཡོད་པའི་སྡོད་ཁང་གསར་པར་སྤོས་ཡོད། བཀོད་སྒྲིག་བྱ་ཡུལ་གོ་འཇོ་རྫོང་གྲོང་དང་ཐག་ཉེ་བས་པད་མ་ནོར་བུའི་ཕྲུ་གུ་ཚོའང་རྫོང་གྲོང་དུ་ལས་ཀ་རག་ཡོད།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(11)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་རྟ་གཞུང་གྲོང་ཚོའི་གྲོང་མི་ཨོ་རྒྱན(གཡས)དང་བཟའ་ཟླ་ཨ་བརྟན་བཀོད་སྒྲིག་བྱ་ཡུལ་གྱི་ཨོ་རྒྱན་སྔོ་ཚལ་ཚོང་ཁང་གི་མདུན་དུ་ཡོད། (ཟླ་9ཚེས་22ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རི་བོ་ཆེ་རྫོང་ས་མདོ་དབུལ་སྐྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཟུར་ཞིག་ཡིན། (ཟླ་9ཚེས་22ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོའི་ཟླ་12པར་ཨོ་རྒྱན་ཁྱིམ་རྟ་གཞུང་གྲོང་ཚོ་ནས་བཀོད་སྒྲིག་བྱ་ཡུལ་གྱི་སྨི་ངོས་གྲུ་100ཡོད་པའི་སྡོད་ཁང་གསར་པར་སྤོས་པ་རེད། ཨོ་རྒྱན་དང་བཟའ་ཟླ་ཨ་བརྟན་གྱིས་གྲོས་བསྡུར་བྱས་རྗེས་བཀོད་སྒྲིག་བྱ་ཡུལ་དུ་སྨི་ངོས་གྲུ་40ལྷག་ཙམ་ཡོད་པའི་ཚོང་ཁང་ཞིག་གླས་ནས་སྔོ་ཚལ་བཙོངས་པས་ཁྱིམ་གྱི་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད་ཨོ་རྒྱན་ཁྱིམ་གྱི་འཚོ་བ་ཡང་ཉིན་བཞིན་ལེགས་སུ་ཕྱིན་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(脱贫攻坚·图片故事)(12)藏东脱贫影像:我们住进了新房子

    གཡོན་གྱི་པར་འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལྔ་མདའ་གྲོང་ཚོའི་གྲོང་མི་སྨོན་ལམ་མཚོ་མོ(གཡས)དང་བུ་མོ་ཨོ་རྒྱན་དཔལ་མཚོ་སྡོད་ཁང་གསར་པའི་མདུན་དུ་ཡོད། (ཟླ་9ཚེས་21ཉིན་པར་བླངས) གཡས་ཀྱི་པར་འདི་ནི་རི་བོ་ཆེ་རྫོང་ལྔ་མདའ་གྲོང་ཚོའི་ཟུར་ཞིག་ཡིན། (ཟླ་9ཚེས་21ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) 2018ལོར་སྨོན་ལམ་མཚོ་མོ་དང་ནང་མི་རྣམས་གྲོང་ཚོ་རྙིང་པ་ནས་གྲོང་ཚོ་གསར་པར་སྤོས་པ་དང་། གྲོང་ཚོ་གསར་པའི་སྒྲིག་བཀོད་ཆ་ཚང་ལ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། སྨོན་ལམ་མཚོ་མོ་ཁྱིམ་དང་འདྲ་བའི་གྲོང་ཚོ་རྙིང་པའི་གྲོང་མི་100ལྷག་ཙམ་སྡོད་ཁང་རྙིང་པ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

                                                                          ཡོང་ཁུངས།  ཤིན་ཧྭ་དྲ་བ།


  • 顶 0