བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་དོ་ཁུར་བྱས།

2020-05-23
0

  འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་ཀྱི་གྲོང་མིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པའི་ཐད་གཏོང་ལ་ལྟ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས21ཉིན་གྱི་ཕྱི་དྲོའི་དུས་ཚོད3སྟེང་། ཀུན་གྱིས་དོ་ཁུར་བྱེད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་པ་རེད། བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་ནས་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་གནས་ཚུལ་ལ་ལྟ་ཉན་བྱས་ཤིང་། ཚང་མས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ཡིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་འཕེལ་བས། སླད་ཕྱིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་འགན་འཁྲི་དང་ལས་འགན་གསར་པ་ཕྲག་ཏུ་ཁུར་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། །


  • 顶 0