རྔ་བ་ཁུལ་གྱི་གློ་ཚད་ནད་པ་ཅན་དེ་ད་སོ་མ་སྨན་ཁང་ལས་བུད་འདུག

2020-02-17
342


   ནད་པ་ཀུའོ་ཆེ་གེ་མོ། མོ། ལོ26། ཧུའུ་པེ་ཞིང་ཆེན་ཨན་ལུའུ་གྲོང་ཁྱེར་ནས་ཡིན། ཟླ1ཚེས28ཉིན་གྱི་ཕྱི་དྲོ་ནད་པར་གློ་ལུ་བ་སོགས་ཀྱི་ནད་རྟགས་བྱུང་རྗེས་ལུད་པའི་ནད་དཔེ་འབར་ཁམས་གྲོང་ཁྱེར་གྱི་ནད་འགོག་ལྟེ་གནས་སུ་བརྟག་དཔྱད་ཞིབ་བཤེར་བྱ་རྒྱུར་བསྐྱལ། ཟླ1ཚེས29ཉིན་གྱི་ཐོ་རེངས་ཆུ་ཚོད5དང་སྐར་མ49ཐོག་རྔ་བ་ཁུལ་མི་དམངས་སྨན་ཁང་གིས་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས། ཟླ1ཚེས30ཉིན་གྱི་ཐོ་རེངས་སུ་ཏོག་གསར་གློ་ཚད་ནད་འགོས་ཡོད་པ་གཏན་འཁེལ་བྱས་པ་རེད།

     ཀུའོ་ཆེ་གེ་མོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་རིང་ཁུལ་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་ནད་དཔྱད་དང་ཕྱོགས་བསྡུས་ཞིབ་འཇུག་བརྡར་ཤ་ཡང་ཡང་བཅད་པ་བརྒྱུད་ནད་པར་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་སེམས་ཁམས་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་སྨན་བཅོས་བྱེད་ཐབས་བེད་སྤྱད་ནས་སྨན་བཅོས་བྱས། སྨན་དོན་མི་སྣས་ཉིན20ཙམ་རིང་སྨན་བཅོས་དང་ནད་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་ཀུའོ་ཆེ་གེ་མོའི་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སྨན་ཁང་དུ་སྡོད་རིང་གི་ཚ་དྲོད་རྒྱུན་གཏན་ལྟར་གནས་པ། གློ་བའི་ནད་གཞི་རྩ་བའི་ཆ་ནས་ལེགས་སུ་བྱིན་ནས་སྲོག་ལ་སྐྱོན་མེད་སྟབས། ཟླ2ཚེས14ཉིན་དང་ཚེས16་ཉིན་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་ཚང་མར་སྐྱོན་མེད་པར་གྱུར། ཁུལ་རིམ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བསྐྱར་ཞིབ་དང་དཔྱད་དཔོག་བྱས་པ་བརྒྱུད་ནད་པ་དེ<<རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)>>དང་མཐུན་པས་ལོགས་སུ་བཀར་བ་དང་སྨན་ཁང་ནས་འབུད་པའི་ཚད་གཞི་ལོངས་པས་དངོས་སུ་སྨན་ཁང་ནས་འབུད་ཆོག་པ་གཏན་འཁེལ་བྱས་པ་རེད།

    སྔ་དྲོའི་ཆུ་ཚོད11དང་སྐར་མ36ཐོག་ཁ་ཐུམ་བརྒྱབ་པའི་ཀུའོ་ཆེ་གེ་མོ་སྨན་དོན་མི་སྣའི་འགྲོ་རོགས་འོག་ལོགས་སུ་བཀར་བའི་ནད་ཁུལ་ནས་ཕྱིར་ཐོན་བྱུང་། ལོགས་སུ་བཀར་བའི་ནད་ཁུལ་གྱི་སྨན་དོན་མི་སྣས་ཀུའོ་ཆེ་གེ་མོར་མེ་ཏོག་དང་བོད་ཆའང་གི་ཁ་བཏགས་དཀར་དམར་སོགས་ཕུལ་ནས་སྨན་ཁང་ནས་བུད་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་མོ་ལ་མུ་མཐུད་ལོགས་སུ་བཀར་ནས་ལྟ་ཞིབ་ཉིན14བྱ་རྒྱུའི་མངགས་བཅོལ་བྱས། དུས་མཚུངས་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཡུལ་དངོས་ནས་ཀུའོ་ཆེ་གེ་མོས་སྨན་དོན་མི་སྣ་ཡོངས་ལ་གུས་འདུད་ཞུས་པ་དང་འབྲེལ་དགོས་མཁོ་ཡོད་ཚེ་རང་ཉིད་ཀྱིས་ཟུངས་ཁྲག་སྦྱིན་པ་གཏོང་འདོད་ཡོད་ཅེས་བཤད།


  • 顶 0