མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་ཕྱིར་ལོག་པ།

2020-02-17
0

微信图片_202002161543531.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། བུའུ་ཀྲན་ཡོན། བསོད་ནམས་རྒྱལ།)ཟླ2པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་ཉིན4དང་ཞག་མ3རིང་ལམ་ཐག་སྤྱི་ལེ3400བརྒྱུད་ནས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ནས་བདེ་བླག་ངང་ཕྱིར་མཚོ་སྔོན་ལ་ལོག་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་ཤར་མྱུར་བགྲོད་གཞུང་ལམ་དངུལ་ལེན་ས་ཚིགས་ནས་བསུ་མ་བྱས་པ་རེད། 

微信图片_20200216154353.jpg

ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཆེད་མངགས་འཚམས་འདྲིའི་ཡི་གེ་བཏང་བ་དང་། འཚམས་འདྲིའི་ཡི་གེའི་ནང་། ཧུའུ་པེར་རོགས་སྐྱོར་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་གི་བློ་མཐུན་ཚོ། ཁྱོད་ཚོས་དཀའ་ལས་མྱངས་སོང་། ཁྱེད་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཟུང་བ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས་ཉིན་མཚན་བལྟོས་མེད་ངང་བསྐྱོད་དེ་ཆར་རླུང་ལ་མ་འཛེམས་པར་འཕྲལ་མ་ཉིད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པའི་དངོས་ཟོག་དག་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོའམ་དམག་འཐབ་བྱ་ཡུལ་གཙོ་བོ་སྟེ་ཧུའུ་པེ་ཝུའུ་ཧན་དུ་བསྐྱལ་ནས་མི་དམངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་མཚོ་སྔོན་གྱི་ཉམས་འགྱུར་མངོན་པར་བྱས་ཡོད། ཁྱེད་ཚོ་ནི་ཆེས་གཅེས་པར་འོས་པ་དང་ཆེས་དཔའ་ངར་ལྡན་པའི་ལྡོག་འགྲོ་མཁན་དེ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཁྱེད་ཚོའི་དཀའ་སྡུག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་རྒྱུ་དང་། ཁྱེད་ཚོས་ངལ་དུབ་ལ་མ་འཛེམ་པར་བསྟུད་མར་དམག་འཐབ་བྱེད་པའི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ། ཁྱེད་ཚོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་ཕྱིར་ལོག་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བྲིས་ཡོད།

微信图片_202002161543532.jpg

ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། སྐྱེལ་འདྲེན་རུ་ཁག་ཕྱིར་ལོག་རྗེས་རླངས་འཁོར་ལ་གཅིག་སྡུད་ཀྱིས་དུག་སེལ་བྱ་རྒྱུ་དང་སྐྱེལ་འདྲེན་རུ་ཁག་གི་རུ་མིར་འཕྲལ་དུ་གཅིག་སྡུད་གསོ་རིག་ལྟ་ཞིབ་ཉིན14བཀོད་སྒྲིག་བྱ་རྒྱུ་རེད། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་རེད། །


  • 顶 0