སློབ་གསོའི་འཕྲིན་ལམ་མང་དུ་བཏང་ནས་ཐག་རིང་སློབ་མར་ཞབས་འདེགས་ཞུས།

2020-02-17
0

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་རྔ་ཆེན་གྲོང་ཚོའི་སྒང་སྟོད་སྡེ་ཁུལ་དུ་བསྡད་ཡོད་པའི་ལྷ་ས་གྲོང་ཁྱེར་པེ་ཅིན་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ13པའི་དགེ་དབྱངས་ཀྱིས་སློབ་གྲོགས་དང་མཉམ་དུ“མཁའ་དབྱིངས་སློབ་ཁང”གི་ལེ་ཚན་ལ་ལྟ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ལས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ལས་དོན་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། རླུང་འཕྲིན་བརྙན་འཕྲིན་ཐད་གཏོང་སྲུང་སྐར་ལས་སྟེགས་ཀྱིས་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་མཁའ་དབྱིངས་སློབ་ཁང་གི་འཕྲིན་ལམ་མང་དུ་བཏང་ནས་ཐད་གཏོང་སྲུང་སྐར་གྲོང་ཚོ་ཚང་མ་དང་སྤྱོད་མཁན་ཚང་མར་ཁྱབ་ཡོད་པ་རེད། འཕྲིན་ལམ་ཐོག《སློབ་ཚན་དང་པོ་དང་ཐད་གཏོང་སློབ་ཚན》ཞེས་པ་བཙུགས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་སློབ་ཁྲིད་ལེ་ཚན་བསྟན་ནས་རྒྱ་ཆེའི་ཐག་རིང་ལུང་ཁུག་དང་དེ་མིན་དྲ་རྒྱ་དར་རྒྱས་སུ་སོང་མེད་པའི་ས་ཁུལ་གྱི་ཕྲུ་གུར“སློབ་ཁྲིད་མཚམས་བཞག་རུང་སློབ་སྦྱོང་མཚམས་མི་འཇོག་པའི”བྱ་བར་རོགས་རམ་བྱས་པ་རེད། 

138784631_15817421848481n.jpg

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་རྔ་ཆེན་གྲོང་ཚོའི་རླུང་འཕྲིན་བརྙན་འཕྲིན་ལག་རྩལ་པ་ཤིས་ལོ་ཡིས་སྲུང་སྐར་གནམ་སྐུད་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ། 


    138784631_15817421848951n.jpg


  • 顶 0