དཀར་མཛེས་ཁུལ་དུ་ཏོག་གསར་ནད་པ་དྲུག་གསར་དུ་ཐོན་པའི་མྱུར་འཕྲིན།

2020-02-10
0

   སྤྱི་ཟླ་2་པའི་ཚེས་9་ཉིན།རང་ཁུལ་དུ་ཏོག་གསར་གློ་ཚད་ནད་པ་6་གསར་དུ་ཐོན།

  ནད་པ་པད་ཆེ་གེ་མོ།ལོ་54སྐྱེས་པ།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།གནས་གཞན་དུ་ཡུལ་སྐོར་དང་སྡོད་པའི་གནས་ཚུལ་མེད་པ།ཟླ་2པའི་ཚེས་8ཉིན་ལ་རྫོང་རིམས་འགོག་ལྟེ་གནས་ཀྱིས་རྟོག་ཞིབ་འོག་ལ་ནད་པ་འདི་རྙེད་ལ་ནད་པ་འདི་ཟླ་བ་1པོའི་ཚེས་25ཉིན་ནས་ལུད་པ་ལུ་བ་དང་། ཚ་རྒྱག་པ། དངུལ་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་བྱུང་བས་དེ་དང་བསྟུན་ནས་གསོ་རིག་ལྟ་དཔྱད་བྱས་ལ་ཟུར་དུ་བཀར། ད་དུང་དཔེ་དབྱིབས་བསྡུ་ནས་ཞིབ་བཤེར་སྐྱེལ།ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

  ནད་པ་དབྱང་ཆེ་གེ་མོ།ལོ་37་བུད་མེད།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།ཟླ་བ་1པོའི་ཚེས་11ཉིན་ལ་ཁྲིན་ཏུའུ་ནས་རྟའུ་ལ་ལོག ཞིབ་བཤེར་བྱེད་པ་བརྒྱུད་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཐུག་འཕྲད་དམ་ཟབ་བྱེད་པའི་ཁོངས་སུ་གཏོགས།རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཟླ་2གཉིས་པའི་ཚེས་5་ཉིན་མོ་འདི་ལ་གཅིག་འདུས་ཟུར་བཀར་གནས་སུ་ཡོང་ནས་གསོ་རིག་ལྟ་དཔྱད་བྱས།ད་དུང་དཔེ་དབྱིབས་བསྡུ་ནས་ཞིབ་བཤེར་སྐྱེལ།ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

  ནད་པ་བློ་ཆེ་གེ་མོ།ལོ་47སྐྱེས་པ།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།གནས་གཞན་དུ་ཡུལ་སྐོར་དང་སྡོད་པའི་གནས་ཚུལ་མེད་པ།ཞིབ་བཤེར་བྱེད་པ་བརྒྱུད་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཐུག་འཕྲད་དམ་ཟབ་བྱེད་པའི་ཁོངས་སུ་གཏོགས།རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཟླ་2གཉིས་པའི་ཚེས་5་ཉིན་མོ་འདི་ལ་གཅིག་འདུས་ཟུར་བཀར་གནས་སུ་ཡོང་ནས་གསོ་རིག་ལྟ་དཔྱད་བྱས།ད་དུང་དཔེ་དབྱིབས་བསྡུ་ནས་ཞིབ་བཤེར་སྐྱེལ།ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

  ནད་པ་རིན་ཆེ་གེ་མོ།ལོ་28་བུད་མེད།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།གནས་གཞན་དུ་ཡུལ་སྐོར་དང་སྡོད་པའི་གནས་ཚུལ་མེད་པ།ཞིབ་བཤེར་བྱེད་པ་བརྒྱུད་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཐུག་འཕྲད་དམ་ཟབ་བྱེད་པའི་ཁོངས་སུ་གཏོགས།རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཟླ་2གཉིས་པའི་ཚེས་6་ཉིན་མོ་འདི་ལ་གཅིག་འདུས་ཟུར་བཀར་གནས་སུ་ཡོང་ནས་གསོ་རིག་ལྟ་དཔྱད་བྱས།ད་དུང་དཔེ་དབྱིབས་བསྡུ་ནས་ཞིབ་བཤེར་སྐྱེལ།ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

 ནད་པ་བསོད་ཆེ་གེ་མོ།ལོ་33་བུད་མེད།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།གནས་གཞན་དུ་ཡུལ་སྐོར་དང་སྡོད་པའི་གནས་ཚུལ་མེད་པ།ཞིབ་བཤེར་བྱེད་པ་བརྒྱུད་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཐུག་འཕྲད་དམ་ཟབ་བྱེད་པའི་ཁོངས་སུ་གཏོགས།རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཟླ་2གཉིས་པའི་ཚེས་5་ཉིན་མོ་འདི་ལ་གཅིག་འདུས་ཟུར་བཀར་གནས་སུ་ཡོང་ནས་གསོ་རིག་ལྟ་དཔྱད་བྱས།ད་དུང་དཔེ་དབྱིབས་བསྡུ་ནས་ཞིབ་བཤེར་སྐྱེལ།ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

 ནད་པ་རྡོ་ཆེ་གེ་མོ།ལོ་38་བུད་མེད།དཀར་མཛེས་ཁུལ་རྟའུ་རྫོང་གི་མི།གནས་གཞན་དུ་ཡུལ་སྐོར་དང་སྡོད་པའི་གནས་ཚུལ་མེད་པ།ཟླ་2པའི་ཚེས་6ལ་རྫོང་རིམས་འགོག་ལྟེ་གནས་ནད་པའི་ཁྱིམ་ལ་སོང་ནས་དཔེ་དབྱིབས་བླངས། ཟླ་2པའི་ཚེས་8ཉིན་ལ་བརྟག་དཔྱད་འབྲས་བུ་ཐོན་ནས་སྨན་ཁང་དུ་བསྡད་དགོས་པ་བཏོན་པ་དང་།དེ་ནས་ཟུར་བཀར་གནས་སུ་ཡོང་ནས་གསོ་རིག་ལྟ་དཔྱད་བྱས།མིག་སྔར་ནད་པ་ད་ལྟ་ཁུལ་ནང་གི་གནས་གཏན་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་པ།ཞིབ་བཤེར་བྱེད་ནས་ཐུག་འཕྲད་མི་སྣ་ཚང་མ་ཟུར་བཀར་བྱེད་ནས་གསོ་རིག་ལྟ་དཔྱད་བྱེད་བཞིན་འདུག

   སྤྱི་ཟླ་2པའི་ཚེས9་མཚན་མོའི་ཆུ་ཚོད་བཅུ་གཉིས་བར།རང་ཁུལ་དུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་དཔེ་23བར་སླེབས་ཡོད། ༼ རྟའུ་རྫོང་ལ་ནད་པ་18དང་།དར་མདོ་རུ་ནད་པ་2དང་། གསེར་རྟ་རྫོང་དུ་ནད་པ་2 འདབ་པ་རྫོང་ལ་ནད་པ་1བཅས་ཡོད་པ་རེད།༽ ནད་པ་དེ་དག་ལས་སྐྱོབ་བཅོས་བྱེད་བཞིན་པའི་ནད་གཞི་ལྕི་བའི་ནད་པ་1ཡོད་པ་དང་།ནད་གཞི་ཤིན་ཏུ་ལྕི་བའི་ནད་པ་1ཡོད་པ།ནད་པ་གཞན་དག་གི་ནད་གཞི་སྡུག་ཏུ་ཕྱིན་མེད་ཅིང་།ཚང་མ་དམིགས་བཙུགས་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་རེད།དེའི་ཁྲོད་སྐྱེས་པ་16་དང་བུད་མེད་7་ཡོད་ལ།ལོ་ཆེ་ཤོས་ནི་66་ཟིན་པ་དང་ཆུང་ཤོས་ནི་ལོ་13ཡིན་པ་རེད།

  ནད་ངོས་ཁྲོད་མི་5ཝུའུ་ཧན་དུ་ཡུལ་སྐོར་དང་སྡོད་མྱོང་བ།མི་1ནི་གཡག་རྔ་ནས་ཕྱིར་ལོག་པ།མི་2ཁྲིན་ཏུའུ་ནས་ཕྱིར་ལོག་པ།མི་1་བོད་ལྗོངས་ནས་ཕྱིར་ལོག་པ།མི་14་ནི་རྟའུ་རྫོང་རྒྱུན་སྡོད་མི་ཡིན་པ།གསོ་རིག་ལྟ་དཔྱད་དང་ལེན་བྱེད་མཁན་ཁྱོན་བསྡོམས་མི་152ལ་སླེབས།  • 顶 0