ཁུན་མིང་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ་2དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ།

2020-02-10
0

ཟླ་2ཚེས་7ཉིན་ཁུན་མིང་གྲོང་ཁྱེར་གྱི་ཁག་དང་པོའི་ཕྱི་ནས་འགོས་པའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ(བུད་མེད་ལོ་55དང་ཕྲུ་གུ་ལོ་3)2ཁུན་མིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ནད་པ་གཉིས་སྨན་ཁང་ནས་དོན་རྗེས་གཟའ་འཁོར་གཉིས་རིང་ལོགས་སུ་འཇོག་པ་དང་ལུས་གསོ་དྲག་སྐྱེད་ཡོང་བ་བྱས་ཏེ་ཁུན་མིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་པས་དུས་བཀག་ལྟར་བརྟག་དཔྱད་བྱ་རྒྱུ་ཡིན་ཞིང་། འདི་ནི་ཁུན་མིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་པས་དྲག་སྐྱེད་བྱུང་བའི་ནད་པ་དང་དེའི་ནང་མིར་མེ་ཏོག་སྤྲོད་བཞིན་པ།

  • 顶 0