ཇོ་རིའི་འདབས་ཀྱི་སྐལ་བཟང་གི་དབུལ་སྒྲོལ་གཏམ་རྒྱུད་སྙན་མོ།

2020-02-10
0

འདི་ནི་སྐལ་བཟང་གིས་རང་ཉིད་ཀྱིས་བཏགས་པའི་པང་གདན་སྟོན་བཞིན་པ།

     བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོ་ནི་ཇོ་རིའི་འདབས་སུ་གནས་ཡོད། 2016ལོར། ལོ་47ལ་སླེབས་པའི་གྲོང་མི་སྐལ་བཟང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག འུ་ཐུག་ཐབས་ཟད་ཀྱི་སྐབས་སུ། ཁོང་གིས་ཆུང་དུས་ནས་ཁོང་དུ་ཆུད་པའི་བོད་རིགས་ཀྱི་སྲོལ་རྒྱུན་པང་གདན་གྱི་འཐག་ལས་བློ་ལ་འཁོར།
     2006ལོར་པང་གདན་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་བཅུག
     ཐོག་མར་རང་ཉིད་ཀྱིས་བཏགས་པའི་པང་གདན་ཤང་དུ་འཚོང་བར་བསྐྱོད་ཀྱི་ཡོད། རྗེས་སུ་ཚོང་ཤག་མང་དུ་སོང་ནས་ཁོང་ཚོ་ངའི་ཁྱིམ་དུ་ཉོ་བར་ཡོང་གི་ཡོད་ཅེས་སྐལ་བཟང་གིས་བཤད། ཁོང་གིས་བཏགས་པའི་པང་གདན་གྱི་ཚོན་མདོག་བཀྲ་ཞིང་རྒྱུ་ཆ་ལེགས་པས་ཤང་ནང་དགའ་བསུ་ཆེན་པོ་ཐོབ་པ་དང་། པང་གདན་གཅིག་ལ་སྒོར་300ནས་500བར་རག་གི་ཡོད་པ་རེད།
     པང་གདན་བཙོངས་པའི་ཡོང་འབབ་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཡོད་པས། 2017ལོར་སྐལ་བཟང་གི་ཁྱིམ་དབུལ་སྒྲོལ་ཐུབ་ཡོད། དབུལ་སྒྲོལ་ཐུབ་རྗེས། སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་ཁག་ཉུང་དུ་བཏང་མེད། མ་གཞི་ཁྱིམ་དུ་ལོ་80ལྷག་གི་ཕ་རྒན་དང་སློབ་གྲྭར་སྐྱོད་བཞིན་པའི་ཕྲུ་གུ་གཉིས་ཡོད་མོད། ཡིན་ནའང་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་དང་། རྩྭ་རའི་ཁ་གསབ་རོགས་དངུལ། སྣོད་བཅུད་ཁ་གསབ་རོགས་དངུལ། སྨན་བཅོས་དང་སློབ་གསོའི་འགན་ལེན་སྲིད་ཇུས་བཅས་ལས་སྐལ་བཟང་གི་འཚོ་བའི་སེམས་ཁྲལ་བསལ། 2019ལོར་སྐལ་བཟང་གིས་པང་གདན་བཙོངས་པའི་ཡོང་འབབ་ལས་འཁྱག་སྒམ་ཞིག་ཉོས་ཤིང་། འདི་ལོ་ཁོང་གིས་ཁང་པའི་ཐོག་ཁར་ཤེལ་ཁང་ཞིག་རྒྱག་རྩིས་ཡོད།
     “ང་རང་པང་གདན་འཐག་རྒྱུར་ཧ་ཅང་དགའ་པོ་ཡོད། པང་གདན་ནི་རྒྱན་གོས་ཤིག་ཡིན་པ་མ་ཟད། ང་རང་དབུལ་སྒྲོལ་བྱེད་པའི་ལས་རོགས་ཡག་ཤོས་ཀྱང་ཡིན”ཞེས་སྐལ་བཟང་གིས་བཤད།

འདི་ནི་སྐལ་བཟང(གཡོན)དང་བུ་མོ་མཉམ་དུ་བརྙན་འཕྲིན་ལྟ་བཞིན་པ།
འདི་ནི་སྐལ་བཟང(གཡོན)དང་བུ་མོ་མཉམ་དུ་བརྙན་འཕྲིན་ལྟ་བཞིན་པ།


  • 顶 0