དོ་དགོང་དུས་ཚོད་22:05སྟེང་མཉམ་དུ་ལོ་སར་བསུ་བའི་གླུ་ཚོགས་ལ་ལྟ།

2019-12-31
0

མེ་ཏོག་སྤང་ལ་བཞད།

       རྫོགས་ལྡན་གཡང་ལོ་ཕར་ལ་སྐྱེལ་ཞིང་བཀྲ་ཤིས་ཕྱུག་ལོ་ཚུར་བསུ་བའི་དུས་འདིར།  ཁྱེད་ལ་མྱོང་ཚོར་གང་འདྲ་འདུག འདས་པའི་ལོ་འདི་ལ་ཕྱིར་དྲན་བྱེད་དུས་ཁྱེད་ཀྱི་རེ་བ་ཡོད་ཚད་འགྲུབ་ཡོད་དམ།  བཀྲ་ཤིས་པའི་ལོ་འདིའི་ནང་ངས་བསམ་ན་ཁྱེད་ཅག་གི་བསམ་དོན་འགྲུབ་ཡོད་རྒྱུ་རེད། རླུང་རྟ་དར་ཡོད་རྒྱུ་རེད་བསམ་བྱུང་། དེ་ཡང་དོ་དགོང་གི་ཆུ་ཚོད་12:00བརྒལ་རྗེས་སང་ཕར་ལོ་བརྩི་པའི་ཉིན་འགོ་མ་རེད། དེ་ཡིན་ན་རང་ཉིད་ལ་རེ་བ་དང་ཕུགས་བསམ། དེ་མིན་སྨོན་འདུན་སོགས་གང་མང་ཡོད་རྒྱུ་རེད།

པར་རིས་བདམས་བཀོད།

དེ་ན་ཁམས་པའི་བརྙན་འཕྲིན་ཁང་གིས་ཀྱང་ཐེངས་འདིའི་སྤྱི་ལོའི་ལོ་སར་ལ་བསུ་མ་ཞུ་ཆེད། ༼མེ་ཏོག་སྤང་ལ་བཞད་༽ཅེས་པའི་གླུ་ཚོགས་ཤིག་བཀོད་སྒྲིག་བྱས་ཡོད་དེ། དོ་དགོང་ཆུ་ཚོད་10:05(2019ལོའི་ཟླ་12པའི་ཚེས་31ཉིན་)སྟེང་ནས་ཁམས་པའི་བརྙན་འཕྲིན་དང་ཁམས་པའི་བརྙན་འཕྲིན་དྲ་བ། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་སྐད་དང་བོད་སྐད་འཕྲིན་སྟེགས་བཅས་བརྒྱུད་ནས་ཐོག་གཏོང་བྱ་རྒྱུ་ཡིན་པས། ཁྱེད་ཀྱིས་ཐད་གཏོང་ལ་ལྟ་ཞོར་རང་ཉིད་ཀྱི་ལོ་གསར་པའི་ཕུགས་འདུན་དང་རེ་བ། སྨོན་འདུན་སོགས་ལྷུག་པོར་བརྗོད་ཆོག

དེ་མིན་ཉིན་བཟང་སྐར་བཟང་གི་དུས་འདི་ལ་ཁམས་པའི་བརྙན་འཕྲིན་ཁང་གིས་ཀྱང་ལོ་སར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཡོད་ལ། དེའི་ཁྲོད་གློག་གསོག་ཆས་དང་ Uསྡེར། དཔེ་འཛར་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་བྱ་དངོས་མང་པོ་ཡོད། རྩོམ་སྒྲིག་པས་ལྟད་མོ་བ་ལྔ་བཅུ་བདམས་ནས་ལེགས་སྐྱེས་བསྐུར་རྒྱུ་ཡིན།

༡༽ ངེད་ཅག་གིས་དྲ་ལམ་ཐད་གཏོང་ཁྲོད་དུ་སྤེལ་རེས་དང་དྲན་ཚོར་གླེང་མཁན་གྱི་ཁྲོད་ནས་མི་བཅུ་བདམས་ནས་བཀོད་སྒྲིག་བྱས་པའི་ལེགས་སྐྱེས་བསྐུར་རྒྱུ་ཡིན་ལ། ཐད་གཏོང་གི་སྐབས་སུ་ཁྱེད་ཅག་གིས་རང་ཉིད་ཀྱི་བཤད་འདོད་པའི་སྐད་ཆ་དང་གནམ་ལོ་གསར་པར་བཅངས་པའི་རེ་བ། དེ་མིན་རང་ཉིད་ཀྱི་དྲིན་ཆེན་ཕ་མ་དང་བརྩེ་བའི་གྲོགས་པོ་སོགས་ལ་སྨོན་འདུན་ཞུ་ཆོག་པར་མ་ཟད། གཟེངས་རྟགས་ཐོབ་ཚད་མང་ཤོས་དག་ལས་མི་བཅུ་བདམས་ནས་ལེགས་སྐྱེས་བསྐུར་རྒྱུ་ཡིན།

༢༽ ངེད་ཀྱི་འཕྲིན་སྟེགས་ཏེ་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་འཕྲིན་སྟེགས་བརྒྱུད་ནས་ལོ་རྙིང་པར་ཕྱོགས་སྡོམ་དང་ལོ་གསར་པའི་དམིགས་འབེན་དང་སྨོན་འདུན་ཞུ་ཆོག་ལ། གཟེངས་རྟགས་ཐོབ་ཚད་ཀྱི་མང་ཉུང་ལྟར་གནམ་ལོ་གསར་པའི་ལེགས་སྐྱེས་བསྐུར་རྒྱུ་ཡིན།

༣༽ གྲོགས་ཚོམས་སུ་བརྒྱུད་སྐུར་བྱས་ནས་(པར་བླངས་ནས་ངེད་ཅག་ལ་བསྐུར་དགོས།)གཟེངས་རྟགས་ཐོབ་ཚད་མང་ཤོས་ཀྱི་གྲོགས་པོ་བཅུ་ལ་ལོ་གསར་པའི་ལེགས་སྐྱེས་བསྐུར་རྒྱུ་ཡིན།

༤༽ ཁམས་པའི་བརྙན་འཕྲིན་ཁང་གི་འཁྱུག་དབྱངས་(འཁྱུག་དབྱངས་ཨང་རྟགས། kangbawyc)གྱིས་བཏང་བའི་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་སར་བསུ་བའི་གླུ་ཚོགས་ཞེས་པའི་བྱེད་སྒོར་ཞུགས་ནས་ཁམས་པའི་བརྙན་འཕྲིན་ཁང་གི་འཁྱུག་དབྱངས་ལ@བྱོས་དང་། གཟེངས་རྟགས་ཐོབ་ཚད་མང་བའི་གྲོགས་པོ་བཅུ་ལ་གནམ་ལོ་གསར་པའི་ལེགས་སྐྱེས་བསྐུར་རྒྱུ་ཡིན།

དོ་དགོང་ཆུ་ཚོད་22:05སྟེང་ང་ཚོས་མཉམ་དུ་མེ་ཏོག་སྤང་ལ་བཞད་ཅེས་པའི་གླུ་ཚོགས་ལ་ལྟ་ཞོར་སེམས་གཏམ་གླེང་། 

ཐད་གཏོང་ལྟ་ས། དྲ་གནས། ཁམས་པའི་བརྙན་འཕྲིན་དྲ་བ།

པོད་ཕྲན། སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན།

འཕྲིན་སྟེགས། ཁམས་པའི་བོད་སྐད་བརྙན་འཕྲིན།

གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་གཟིགས་ཐུབ།

  • 顶 0