གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་འདེམས་ཤོག་འཕེན་སྒང་རེད།

2019-11-29
0


2020ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་》ཀྱི་དམིགས་བསལ་ལེ་ཚན་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་བྱེད་སྒོའི་དྲ་ཐོག་འདེམས་སྒྲུག་སྤེལ་བཞིན་པའི་སྒང་ཡིན་ལ། སྙན་འཇེབས་ལྡན་པའི་གླུ་གཞས་མང་པོ་ཞིག་འབྱོར་འདུག ཁྱེད་ཀྱིས་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་བརྒྱུད་དེ་འདེམས་ཤོག་འཕོངས་དང་། ཁྱེད་རང་དགའ་སའི་གླུ་པ་དེ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་སུ་འབུད་ཨེ་ཐུབ་བལྟ།

ཁོ་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱེད་སྟངས་ཀྱི་ཕྱོགས་ནས་གླེང་ན། སྤྱི་ཟླ་11པའི་ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00སྟེང་ནས་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་བྱེད་སྒོའི་དྲ་ཐོག་འདེམས་སྒྲུག་གི་འདེམས་ཤོག་འཕེན་འགོ་བརྩམ་རྒྱུ་རེད།

འདེམས་ཤོག་འཕེན་སྟངས་འདི་ལ་གཟིགས་དང་།

གཅིག ཁམས་པའི་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་མགྲོན་སྣེ་ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱེད་དགོས། གཤམ་གྱི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་ཐད་ཀར་ཕབ་ལེན་བྱེད་ཐུབ།


ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ།

གཉིས། མདུན་ཤོག་ངོས་ནས་གླུ་ལེན་ན་ལོ་སར་ཚེས་དུས་ལེན་གྱི་འདེམས་སྒྲུག་དྲ་སྒོ་འབྱེད་དགོས།


གསུམ། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་ཁྲོད་ནས་ཐོ་འགོད་བྱེད་དགོས། ­­༼ཐོ་འགོད་མ་བྱས་ན་འདེམས་ཤོག་འཕེན་མི་ཐུབ།

༼ཁ་པར་ཨང་གྲངས་དང་པོད་ཕྲན། QQ  འཕྲིན་ཕྲན་སོགས་ཀྱིས་ཐོ་འགོད་བྱ་ཆོག༽

བཞི། རང་ཉིད་དགའ་སའི་འགྲན་ཞུགས་པ་བདམས་ནས་དེའི་སྒེར་ངོས་སུ་ཕེབས་ནས་འདེམས་ཤོག་འཕེན་དགོས།

ལྔ། ཨང་གྲངས་གཅིག་གིས་ཉིན་གཅིག་ལ་འདེམས་ཤོག་5ལས་འཕེན་མི་ཐུབ་ཅིང་། འདེམས་ཤོག་5དེ་འགྲན་ཞུགས་པ་གཅིག་གམ་གཉིས་གསུམ་གང་རུང་ལ་འཕངས་ཆོག

ཁྱེད་རང་དགའ་སའི་འགྲན་ཞུགས་པས་ཁྱེད་ཀྱི་འདེམས་ཤོག་ལ་སྒུག་ཡོད་པས། ཁྱེད་ཀྱི་སེམས་ཁོང་གི་གླུ་པ་དེ་ལ་འདེམས་ཤོག་འཕེན་རོགས།

ཉིན་འདི་གར་ད་རུང་མུ་མཐུད་ནས་མིང་ཐོ་འགོད་ཆོག་ལ། སྤྱི་ཟླ་12པའི་ཚེས་20ཉིན་ལ་ཐོ་འགོད་མཚམས་འཇོག་རྒྱུ་རེད། བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་འདོད་ན་མྱུར་དུ་བརྩམས་ཆོས་སྐུར་ཤོག་ཡ།

  • 顶 0