༢༠༢༠ ལོའི་གླུ་ལེན་ན་ལོ་སར་ཚེས་དུས་ལེན་གྱི་དྲ་ཐོག་འདེམས་སྒྲུག་འགོ་བརྩམས་སོང་།

2019-11-22
0

     བོད་གླུ་ལེན་རྒྱུར་དགའ་བའི་མི་རྣམས་ལ་ཞུ་རྒྱུ་ཞིག་ལ། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་མི་རིགས་རླུང་འཕྲིན་གྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་འགན་འཁུར་བའི་ ༢༠༢༠ ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་དམིགས་བསལ་ལེ་ཚན་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་དྲ་ཐོག་འདེམས་སྒྲུག་ད་ལྟ་དངོས་སུ་འགོ་བརྩམས་པ་ཡིན།

image.png

གླུ་གར་ལ་དགའ་བའི་ཁྱེད་རང་གིས་ཕུགས་བསམ་རུམ་ལ་བཅུག་ནས་གནས་འདིར་ཕེབས་དང་། ང་ཚོས་ཁྱེད་ལ་འོད་སྟོང་འབར་བའི་གར་སྟེགས་དང་ཁམས་པའི་བརྙན་ཁང་གི་བོད་ཀྱི་ལོ་སར་སྤྲོ་ཚོགས་ལ་ཞུགས་རྒྱུའི་གོ་སྐབས་སྟེར།

དུས་ཚོད་ཀྱི་ཆ་ནས་ཉམས་འཇོག་དགོས་ས་ཞིག་ལ།

སྤྱི་ཟླ ༡༡ པའི་ཚེས ༢༢ ཉིན་ནས་དྲ་ཐོག་འདེམས་སྒྲུག་ཐོ་འགོད་འགོ་རྩོམ་རྒྱུ་ཡིན་ལ། སྤྱི་ཟླ ༡༢ པའི་ཚེས ༢༠ ཉིན་ནས་མཇུག་བསྡུ་རྒྱུ་རེད།

སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན་ནས་འདེམས་ཤོག་སྒོ་འབྱེད་རྒྱུ་ཡིན་ལ། སྤྱི་ཟླ ༡༢ པའི་ཚེས ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༥ ཡི་སྟེང་ནས་འདེམས་ཤོག་དྲ་སྒོ་རྒྱག་རྒྱུ་རེད།

བརྒྱ་བཤད་ཚིག་གི་རྩ་བ་གང་རེད་ཅེ་ན། འོག་གི་ཡིག་རིས་འདི་ལ་གཟིགས་དང་མིང་ཐོ་འགོད་སྟངས་ཆ་ཚང་བཀོད་ཡོད།

报名图藏语.jpg

http://music.kangbatv.com/activitytb/index.html?id=91

འདི་ཕུགས་བསམ་ཅན་ལ་དབང་བའི་གར་སྟེགས་ཞིག་ཡིན་པས། མྱུར་དུ་མིང་ཐོ་ཁོད་དང་ང་ཚོས་ཁྱེད་ལ་སྒུག་ནས་ཡོད།

དབྱངས་རྟ་སྙན་མོ་གདངས་ལ་གྱེར་ནས། གླུ་སྐད་ཀྱིས་ཕུགས་བསམ་བརྒྱུད་སྤྲོད་བྱེད།

  • 顶 0