གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་སི་ཁྲོན་མི་རིགས་སློབ་གླིང་གི་ཡན་ཡག་འགྲན་རའི་འདེམས་ཤོག་འཕེན་འགོ་བརྩམས་སོང་།

2019-11-22
0

    ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་མི་རིགས་རླུང་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི ༢༠༢༠ ལོའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་དམིགས་བསལ་ལེ་ཚན་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་སློབ་ཆེན་ཡན་ལག་འགྲན་རའི་འདེམས་སྒྲུག་བྱེད་སྒང་ཡིན་ལ། སི་ཁྲོན་མི་རིགས་སློབ་གླིང་གི་འགྲན་ཞུགས་པ་དག་གིས་རང་ཉིད་ཀྱི་གླུ་སྐད་དང་འཇོན་ནུས་ངོམ་བཞིན་པའི་སྒང་རེད།

image.png

ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་མི་རིགས་སློབ་གླིང་གི་མཉམ་དུ་སྒྲུབ་པའི་ལང་ཚོའི་གཟི་དཔལ་ངོམ། གནམ་ལོ་གསར་པ་བསུ། གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་སློབ་ཆེན་ཡན་ལག་འགྲན་རའི་བྱེད་སྒོ་དེ་སྤྱི་ཟླ ༡༡ པའི་ཚེས ༡༥ ཉིན་ལ་ཐོག་མའི་འདེམས་སྒྲུག་བྱས་ཤིང་། འགྲན་ཞུགས་རུ་ཁག ༡༢ ཡན་ལག་འགྲན་རའི་མཇུག་འགྲན་མཐའ་མར་ཚུད།

image.png

image.png

image.png

image.png

image.png

ད་ནི་ཁྱེད་རང་གི་ཡིད་དབང་འགུག་ཐུབ་པའི་འགྲན་ཞུགས་པར་རྒྱབ་སྐྱོར་བྱེད་པའི་དུས་ལ་སླེབས་ཤིང་། སྤྱི་ཟླ ༡༡ པའི་ཚེས ༢༠ ཉིན་ནས་སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན་བར་ཁམས་པའི་བརྙན་འཕྲིན་ཁང་གིས་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་བརྒྱུད་དེ་ཡན་ལག་འགྲན་རའི་འགྲན་ཞུགས་པ་ཚོའི་བརྩམས་ཆོས་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་ཐོ་འགོད་བྱས་ཡོད་པ་ཚོས་རང་ཉིད་དགའ་སའི་འགྲན་ཞུགས་པར་འདེམས་ཤོག་འཕེན་ཐུབ། འདེམས་ཤོག་གྲངས་ཀ་ཆེས་མང་པའི་འགྲན་ཞུགས་པ་དེ་སློབ་ཆེན་གྱི་དགའ་བསུ་ཆེས་ཐོབ་པའི་གླུ་པར་གྱུར་ནས་ཐད་ཀར་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་བྱེད་སྒོའི་མཇུག་འགྲན་མཐའ་མར་ཞུགས་ཆོག

སྦྲེལ་ཐག་http://music.kangbatv.com/activity/index.html?id=95མནན་ནས་རང་ཉིད་དགའ་སའི་འགྲན་ཞུགས་པ་དག་ལ་འདེམས་ཤོག་འཕོངས་དང་།

  • 顶 0