སང་ཉིན་ཀླུ་སྒྲུབ་རྒྱ་མཚོའི་གླུ་ཚོགས་སྤེལ་རྒྱུ་རེད།

2019-08-29
0

2019ལོའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ལས་ཀླུ་སྒྲུབ་རྒྱ་མཚོའི་ཆེད་ཚོགས་《ཞུམ་མེད་མདུན་སྐྱོད》ཅེས་པ་སྤྱི་ཟླ་8པའི་ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་7:30ཡི་སྟེང་ནས་ཁྲེང་ཏུའུ་ཧྥུའུ་ལེན་ཇ་ཁང་དུ་སྤེལ་རྒྱུ་ཡིན་པས། དེང་གཞས་དང་ལྷག་པར་གཞས་མ་གཏམ་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན་ན་གཟའ་མཇུག་གི་དུས་ཚོད་འདི་བེད་སྤྱད་ནས་གླུ་གར་གྱི་སྟོན་མོ་འདི་ལོངས་སུ་སྤྱོད་དང་།

ཡུལ་དངོས་ཀྱི་སྣང་བརྙན་ཁྲོད་ལ་འཐིམ་ནས་རང་ཉིད་ཀྱི་གཟའ་མཇུག་ལ་ཁ་དོག་གསར་པ་ཞིག་སྣོན་བསམ་ན།

ཐེངས་འདིའི་གླུ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་དང་།རོལ་མོའི་དབྱངས་རྟ་དང་འགྲོགས་ནས་ང་ཚོས་ལོ་ཆུང་དག་ལ་དབང་བའི་དེང་རབས་ཀྱི་གཞས་གདངས་དེ་དག་ཉམས་སུ་མྱོང་ཡ།

དུས་ཚོད། སྤྱི་ལོ་2019ལོའི་ཟླ་8པའི་ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་7:30

ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཤིན་ཆུས་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་གྱི་སྒོ་རྟགས་666ཞི་ཏོན་ཐོག་ཁང་Cཡི་ཁང་བརྩེགས་4པ། (ས་འོག་མེ་འཁོར་གྱི་ལམ་ཐིགས་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་འབུད་སྒོ་Aདང་ཐག་ཉེ།)

སྤ་སེ་ལེན་ཐབས། འཕྲིན་ཕྲན་ཚོགས་པའི་ནང་དུ་ཞུགས་ནས་རང་ཉིད་ཀྱི་འབྲེལ་གཏུགས་ཁ་པར་སོགས་ཆ་འཕྲིན་ཞིབ་འབྲི་བྱས་ན་སྤ་སེ་རག་ཐུབ། ཡུལ་དངོས་སུ་ཐོན་དུས་རང་ཉིད་ཀྱིས་བཞག་པའི་ཁ་པར་ཨང་གྲངས་ལྟར་སྤ་སེ་སྤྲོད་རྒྱུ་ཡིན་ལ། འདི་དག་ཡོད་ཚད་ལ་རིན་པ་སྐར་གང་ཡང་ལེན་བཞིན་མེད། གླུ་ཚོགས་མ་སྤེལ་གོང་གི་སྐར་མ་20སྔོན་ལ་ཡུལ་དངོས་སུ་ཐོན་དགོས།

གོང་གི་ཚད་གཉིས་ཨང་གྲངས་འདི་ནི་གླུ་ཚོགས་ཀྱི་ཞེན་མིའི་ཚོགས་པ་རེད།

https://file205966caaa75.aiwall.com/v3/idea/3YxrLZv1

མཇུག་མཐར་ཡུལ་དངོས་སུ་ཕེབས་མི་ཐུབ་པའི་གྲོགས་པོ་ཚོར་གླུ་ཚོགས་ཀྱི་དྲ་ལམ་ཐད་གཏོང་གི་སྦྲེལ་ཐག་ཅིག་གྲ་སྒྲིག་བྱས་ཡོད་པས་

https://file205966caaa75.aiwall.com/v3/idea/3YxrLZv1

ཡུལ་དངོས་སུ་ཕེབས་མི་ཐུབ་པའི་གྲོགས་པོ་དག་ཀྱང་ངེད་ཅག་དང་ལྷན་དུ་ལང་ཚོའི་གླུ་སྐད་དང་དེང་རབས་ཀྱི་དབྱངས་རྟ་ལ་རོལ་ཆོག

  • 顶 0