ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་ཡུལ་ཤུལ་ཁུལ་དུ་གྲོས་ཚོགས་འཚོགས།

2019-08-05
0

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་་མ་ཞུ་བའི་དུས་སྐབས་འདི་དང་བསྟུན་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཁམས་ཡུལ་འགྲུལ་སྐྱོད་གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་གྱི་གྲོས་ཚོགས་་ཡུལ་ཤུལ་དུ་གཟབ་རྒྱས་ངང་འཚོགས།

《གླིང་སྒྲུང》ཕྱོགས་བསྒྲིགས་དེ་བོད་རིགས་ཀྱི་གནའ་བོའི་ཤེས་རིག་གི་གྲུབ་འབྲས་ཆེན་པོ་དང་འཛམ་གླིང་རྩོམ་རིག་བང་མཛོད་ནང་གི་ལོ་རྒྱུས་སྙན་ངག་རིང་ཤོས་དེ་ཡིན། གནའ་དེང་བོད་རིགས་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས། རླབས་ཆེན་གསར་གཏོད་ཀྱི་བྱེད་ནུས་མཚོན་ཐུབ་པ་དང་། མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཐོག་གི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཞིག་ཡིན། “གཞས་བཏང་ཚར་རྒྱུ་མེད་པའི་གླིང་སྒྲུང་”དང་“བྲིས་ནས་ཚར་རྒྱུ་མེད་པའི་གླིང་སྒྲུང་”ཡུལ་ཤུལ་ན་མཚན་སྙན་མཆིས། ད་དུང་ཡུལ་ཤུལ་ནི་གེ་སར་གྱི་གཞས་གདངས་མང་ཤོས་དང་གྱེར་འདོན་སྒྱུ་རྩལ་པ་མང་ཤོས། གེ་སར་གྱི་པར་གཞི་མང་ཤོས་ཡིན་པ། གླིང་སྒྲུང་ལ་ལྟ་མཁན་མང་ཤོས་དང་། དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་ཤོས་ཀྱི་ས་ཆ་ཞིག་རེད།

གྲོས་ཚོགས་ཐོག་ཡུལ་ཤུལ་ཁུལ་ཨུ་ཡི་དྲིལ་བསྒྲགས་པུའུ་ཀྲང་ཅང་ཧའེ་མེས་ཤིས་ཚིག་གསུངས་པ་དང་ཁུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཡུལ་ཤུལ་ཁུ་《གླིང་སྒྲུང》ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་ངག་དབང་དགེ་ལེགས་ཀྱིས་ཡུལ་ཤུལ་ཁུ་གྱི་རིག་གནས་འདུ་འགོད་གལ་ཆེན《གླིང་སྒྲུང》རྣམ་གྲངས་ཀྱི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་མདོར་བསྡུས་དང་ཡུལ་ཤུལ་ཁུགྱི་མཐོ་རིམ་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་ཝུན་ཏེས་གླིང་སྒྲུང་རིག་གནས་སློབ་གྲྭར་སྤེལ་བའི་ལས་དོན་སྤེལ་ཚུལ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་ཆུང་གསུམ་པའི་སློབ་གཙོ་གཡུ་ཡག་གིས་གླིང་སྒྲུང་གི་ཤེས་བྱ་དེས་སློབ་ཆུང་ཁྱད་ཆོས་ལྡན་པའི་སློབ་གཉེར་ཁྲོད་ཀྱི་བཀོལ་སྤྱོད་གནས་ཚུལ། ཡུལ་ཤུལ་གྲོང་ཁྱེར་གྱི་བྱིས་སློབ་ཁང་ལྔ་པའི་སློབ་གཙོ་བསོད་ནམས་དར་སྐྱིད་ཀྱིས་བྱིས་པའི་སློབ་གསོ་ཁྱབ་གདལ་གྱི་གནས་ཚུལ་སོགས་བརྗོད་པ་དང་དཀར་མཛེས་ཁུགྱི་མཁས་དབང་ཚོ་དང་མཉམ་དུ་གཏམ་བཤད་སྤེལ་རེས་བྱས་ནས་བདེ་བླག་ངང་མཇུག་རྫོགས། 

གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག 

  • 顶 0