ཉག་ལ་རྡོ་མེ་མདོ་རུ་སླེབས་ནས་གེ་སར་གྱི་མ་ཡུམ་འགོག་བཟའ་ལྷ་མོའི་རྗེས་ཤུལ་བཙལ་བ།

2019-08-04
0

ཟླ་བ༨པའི་ཚེས༣ཉིན། ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོའི་རུ་ཁག་གཉིས་པའི་ཚོ་ཆུང་མི་སྣ་བཞི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་ཉག་ལ་རྡོ་མེ་མདོ་རུ་སླེབས། ཉག་ལ་རྡོ་མེ་མདོའི་གྲོང་པ་ཕྱོགས་བཞི་རི་བོས་སྐོར་ཅིང་གྲིབ་བསིལ་གྱི་དགའ་བདེ་སྟེར་བའི་སྔོ་ལྗང་ལྗོན་ཤིང་དག་གིས་མགོ་ལྕོག་ལྡེམ་བཞིན་མགྲོན་བསུ་གནང་བར་འདྲ་བྱུང་།འབྲས་བུའི་ཁུར་གྱིས་དུད་པའི་ལོ་ཏོག རིན་ཆེན་གཡུ་གཞོང་ལྟ་བུའི་རྩྭ་ཐང་། སྣ་ལྔའི་ཁ་དོག་གསལ་བའི་མེ་ཏོག དྭངས་བསིལ་ཉོག་པ་མེད་པའི་བཞུར་ཆུ་སོགས་གྲོང་པ་འདིའི་མ་བཅོས་ལྷུན་གྱིས་གྲུབ་པའི་མཛེས་རྒྱན་དུ་གྱུར།

མ་ཡུམ་འགོག་བཟའ།

གེ་སར་རྒྱལ་པོའི་གནས་རི།

རྟའི་རུས་པ།

མ་ཎི་རྡོ་འབུམ།

འགོག་ར་ལོ་བསྟན་པ་རྒྱལ་མཚན་གྱི་མཁར་གྲོང་།

རྒས་པོ་བློ་འདུས་ཀྱིས་མ་ཡུམ་འགོག་བཟའ་གནས་འདིར་ཕེབས་ཚུལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་ཕེབས་པ་ལྟར་ཀླུ་ཡུལ་ནས་འགོག་གི་ས་ཆར་བྱུང་ཚུལ་སྐོར་ངོ་སྤྲོད་ཐོས་འཛིན་བུ་གའི་དཔྱིད་དུ་གྱུར་པ་ཞིག་བཙལ་བྱུང་། གཏམ་བརྒྱུད་དང་འགོག་ར་ལོ་བསྟན་པ་རྒྱལ་མཚན་མཁར་གྲོང་། མནའ་རྫས་དང་རྟའི་རུས་པ། མདའ་དང་གྲི། གེ་སར་གནས་རི་སོགས་མཇལ་བ་མིག་གི་ལོངས་སྤྱོད་དུ་གྱུར་པ་མང་པོ་གདའོ།།

 གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག  

  • 顶 0