ཐད་གཏོང་། བསྟན་འཛིན་ཆོས་འབྱོར་གྱི་གླུ་ཚོགས《སེམས་ཀྱི་འཇའ་ཚོན།》སྤེལ་ལ་ཉེ།

2019-06-27
0

《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ལས་བསྟན་འཛིན་ཆོས་འབྱོར་གྱི་ཆེད་ཚོགས་《སེམས་ཀྱི་འཇའ་ཚོན》ཞེས་པ་དེ་སྤྱི་ཟླ་6པའི་ཚེས་28ཉིན་གྱི་དགོང་མོའི་དུས་ཚོད་7གྱི་སྟེང་ཁྲེང་ཏུའུ་ཧྥུའུ་ལེན་ཇ་ཁང་ནས་སྤེལ་རྒྱུ་རེད། འདི་ནི་བསྟན་འཛིན་ཆོས་འབྱོར་ཐེངས་དང་པོར་གླུ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་པ་ཡིན་ལ། ཁོས་རང་ཉིད་ཀྱི་གླུ་གཞས་སྙན་མོ་མང་པོ་ཞིག་ཞེན་མི་ཚོར་དབུལ་རྒྱུའི་གྲ་སྒྲིག་བྱས་འདུག

https://url.cn/5D7xI8x?sf=uri

ཐེངས་འདིའི་གླུ་ཚོགས་ཀྱི་གདན་ཞུས་སྐུ་མགྲོན་བསྟན་འཛིན་ཆོས་འབྱོར་ལགས་ནི་ཁམས་པའི་བརྙན་འཕྲིན་ཁང་གི་ལེ་ཚན་གང་མང་ལ་ཞུགས་མྱོང་ཞིང་། 2018ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་《སྐལ་བཟང་ལོ་གསར》དང་2019ལོའི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་《མེ་ཏོག་སྤང་ལ་བཞད》ཅེས་པ་སོགས་ནས་ཁོ་རང་མཐོང་ཐུབ།

2018ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་《སྐལ་བཟང་ལོ་གསར》ཕབ་སྐྲུན་སྐབས་སུ་མདོ་འཛིན་པ་དང་ཕ་ཡུལ་གྱི་ལོ་གསར་གོམས་སྲོལ་གླེང་བཞིན་པའི་རྣམ་པ།

2019ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་《མེ་ཏོག་སྤང་ལ་བཞད》ཅེས་པའི་སྟེང་ནས་གླུ་ལེན་བཞིན་པའི་རྣམ་པ།

བསྟན་འཛིན་ཆོས་འབྱོར་དང་ཉེ་བར་བཅར་ནས་ཁོའི་གླུ་སྐད་གསན་འདོད་ཡོད་ན།མྱུར་དུ་ཞེན་མི་བསྡུ་བའི་བྱེད་སྒོར་ཞུགས་དང་།

གླུ་ཚོགས་ཀྱི་སྤ་སེ་རིན་མེད་སྤྲོད་བཞིན་ཡོད།

གལ་ཏེ་ཁྱེད་རང་བསྟན་འཛིན་ཆོས་འབྱོར་གྱི་ཞེན་མི་ཡིན་ན་འཕྲིན་སྟེགས་བརྒྱུད་ནས་༼བསྟན་འཛིན་ཆོས་འབྱོར་༽ཅེས་པའི་ཡི་གེ་བཞི་བསྐུར་དང་། རང་ཉིད་ཀྱི་ཆ་འཕྲིན་བཀོད་རྗེས་གླུ་ཚོགས་ཀྱི་སྤ་སེ་ཐོབ་པའི་གོ་སྐབས་ཡོད།

བྱེད་སྒོའི་དུས་ཚོད། 2019ལོའི་ཟླ་6པའི་ཚེས་28ཉིན་གྱི་དགོང་མོའི་དུས་ཚོད་7སྟེང་།

བྱེད་སྒོའི་ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཤིན་ཆུས་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་གྱི་སྒོ་རྟགས་666ཞི་ཏོན་ཐོག་ཁང་Cཡི་ཁང་བརྩེགས་4པ། (ས་འོག་མེ་འཁོར་གྱི་ལམ་ཐིགས་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་འབུད་སྒོ་Aདང་ཐག་ཉེ།)

ཁྱེད་ལ་རང་ཉིད་དགའ་སའི་གླུ་པ་དང་མཉམ་ལེན་བྱེད་རྒྱུའི་གོ་སྐབས་ཀྱང་ཡོད།

ཁྱེད་ཀྱི་འཕྲིན་སྟེགས་བརྒྱུད་དེ་རང་ཉིད་ཀྱིས་བསྟན་འཛིན་ཆོས་འབྱོར་དང་མཉམ་དུ་ཆེས་བླངས་ན་འདོད་པའི་གླུ་གང་ཡིན་ཤོད་དང་། རྩོམ་སྒྲིག་པས་ཞེན་མི་གཅིག་བདམས་ནས་བསྟན་འཛིན་ཆོས་འབྱོར་དང་ལྷན་དུ་མཉམ་ལེན་བྱེད་དུ་འཇུག

དེ་མིན་ཐེངས་འདིའི་ཐད་གཏོང་ཁང་བརྒྱུད་ནས་བསྟན་འཛིན་ཆོས་འབྱོར་ལ་རྒྱུས་ལོན་གཏིང་ཟབ་བྱས་ཆོག་ལ།

ང་ཚོའི་ཐད་གཏོང་ཁང་ནས་བསྟན་འཛིན་ཆོས་འབྱོར་གྱི་གླུ་ལ་ཉན་ཐུབ་པར་མ་ཟད། ད་དུང་ཁོའི་དུས་རྒྱུན་འཚོ་བའི་ཁྲོད་མི་ཅི་འདྲ་ཞིག་ཡིན་པའང་རྒྱུས་ལོན་བྱེད་ཆོག

ཁྱེད་ཀྱིས་འདྲི་འདོད་པའི་དྲི་བ་དག་འཕྲིན་སྟེགས་བརྒྱུད་ནས་བྲི་ཆོག་ལ། དཔེར་ན་བསྟན་འཛིན་ཆོས་འབྱོར་ལ་རོལ་དབྱངས་གཞན་པའི་དགའ་ཕྱོགས་ཅི་ཡོད་ཅེས་པ་ལྟ་བུ།

བསྟན་འཛིན་ཆོས་འབྱོར་གྱི་ཐད་གཏོང་ཁང་ནས་ཁྱེད་ཅག་གི་དྲི་བར་ལན་འདེབས་རྒྱུ་རེད།

ཡུལ་དངོས་སུ་ཕེབས་མི་ཐུབ་པའི་ཞེན་མི་ཚོས་དྲ་ལམ་ནས་ཐད་གཏོང་ལ་གཟིགས་དང་།

ཐེངས་འདིའི་གླུ་ཚོགས་ནི་ཁམས་པའི་བརྙན་འཕྲིན་དྲ་བ་དང་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས། ཤམ་བྷ་ལ་རོལ་དབྱངས་འཕྲིན་སྟེགས་བཅས་བརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན་པས།  གླུ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་མི་ཐུབ་པའི་ཞེན་མི་ཚོས་དུས་ཐོག་ཏུ་གཟིགས་པར་འཚལ། དུས་མཉམ་དུ་དྲ་ལམ་ཐད་གཏོང་ཁང་གི་བགྲོ་གླེང་ལ་ཞུགས་ན་བྱ་དགའ་ཐོབ་པའི་གོ་སྐབས་ཡོད།


https://file205966caaa75.aiwall.com/v3/idea/DUcokrxf

དེ་ལས་མང་བའི་འབྲེལ་ཡོད་ཆ་འཕྲིན་གཟིགས་འདོད་ན་འོག་གི་རྩ་གཉིས་ཨང་གྲངས་བཤེར་འབེབས་བྱོས་དང་།

  • 顶 0