ནོར་ནག ལུག འབྲོག་ཁྱིའི་འགྲེམ་སྟོན་འགྲན་སྡུར་གྱི་སྤྱི་བསྒྲགས།

2019-06-20
0

གཅིག བྱེད་སྒོ་སྤེལ་དུས། ༢༠༡༩ལོའི་སྤྱི་ཟླ༨པའི་ཚེས་༡༣ཉིན། ཧོར་ཟླ་༧པའི་ཚེས་༡༣ཉིན།

གཉིས། བྱེད་སྒོ་སྤེལ་ཡུལ། རྨ་ཆུ་རྫོང་ཞིང་ཆེན་གསུམ་གྱི་སྒོ་ཕྱུགས་ཉོ་འཚོང་ཚོང་ར།

གསུམ། འགྲན་ཞུགས་ཀྱི་ཁྱབ་ཁོངས།

༡  ནོར་ནག་དང་བོད་ལུག་ངེས་པར་དུ་རྨ་ཆུའི་རྫོང་ཁོངས་ཀྱི་ཕྱུགས་རིགས་ཡིནདགོས།

༢ བོད་ཁྱིའི་དཔྱད་བསྡུར་ནི་རྒྱལ་ཡོངས་ཀྱི་རྨ་ཁུག་འབྲོག་ཁྱི་དང་འབྲོག་ཁྱི་གསོ་སྤེལ་ར་བ་ནས་ཡིན་དགོས།

བཞི། བྱ་དགའི་རྣམ་གྲངས་བཀོད་སྒྲིག་དང་བྱ་དགའ་སྤྲོད་ཐབས།

༡ནོར་ནག་དང་བོད་ལུག་དཔྱད་བསྡུར་ལ་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་རིགས་གསུམ་བཀར་ཡོད།

༡ ཁྱུ་གཡག ཁྱུ་གཡག་ཨང་དང་པོ་གསུམ་ཡོད།རེ་རེར་དགའ་རྟགས་ལ་སྒོར་༡༥༠༠༠དང་།ཁྱུ་གཡག་ཨང་གཉིས་པ་ལྔ་ཡོད། རེ་རེར་དགའ་རྟགས་ལ་སྒོར༨༠༠༠ཡོད།ཁྱུ་གཡག་ཨང་གསུམ་པ༡༠ཡོད།རེ་རེར་དགའ་རྟགས་ལ་སྒོར༥༠༠༠ཡོད།ཁྱུ་གཡག་

ཕུལ་བྱུང༡༠ཡོད།རེ་རེར་དགའ་རྟགས་ལ་སྒོར༨༠༠ཡོད།བྱ་དགའི་དངུལ་བསྡོམས་པས་སྒོར་ཁྲི༡༤..༣ཡོད།སྒོར་ཁྲི་གཅིག་

གམ་ཡན་གྱི་ནང་དུ་དཔྱ་ཁྲལ༢༠%འདུས་ཡོད།

༢ ཁྲོམ།ཁྲོམ་ཨང་དང་པོ་གསུམ་ཡོད།རེ་རེར་དགའ་རྟགས་ལ་སྒོར༡༠༠༠༠དང་།ཁྲོམ་ཨང་གཉིས་པ་ལྔ་ཡོད།རེ་རེར་དགའ་རྟགས་ལ་སྒོར༦༠༠༠ཡོད།ཁྲོམ་ཨང་གསུམ་པ༡༠ཡོད།རེ་རེར་དགའ་རྟགས་ལ་སྒོར༤༠༠༠ཡོད།ཁྲོམ་ཕུལ་བྱུང༡༠ཡོད།རེ་རེར་དགའ་རྟགས་ལ་སྒོར་༨༠༠ཡོད།བྱ་དགའི་དངུལ་བསྡོམས་པས་སྒོར་ཁྲི༡༠.༨ཡོད།སྒོར་ཁྲི་གཅིག་གམ་ཡན་གྱི་ནང་དུ་དཔྱ་ཁྲལ༢༠%འདུས་ཡོད།

༣བོད་ཁྱིའི་དཔྱད་བསྡུར་ལ་རྨ་ཁུག་འབྲོག་ཁྱི་གྲགས་ཅན་བཅུ་ཞེས་པའི་བྱ་དགའ་ཡོད།རེ་རེར་དགའ་རྟགས་ལ་སྒོར༡༠༠༠༠ཡོད།བྱ་དགའི་དངུལ་བསྡོམས་པས་སྒོར་ཁྲི་༡༠ཡོད། སྒོར་ཁྲི་གཅིག་གམ་ཡན་གྱི་ནང་དུ་དཔྱ་ཁྲལ༢༠%འདུས་ཡོད།བྱ་དགའི་དངུལ་ཁྱོན་བསྡོམས་སྒོར་ཁྲི་༣༥.༡ཡོད། སྒོར་ཁྲི་གཅིག་གམ་ཡན་གྱི་ནང་དུ་དཔྱ་ཁྲལ༢༠%འདུས་ཡོད།

ལྔ།མིང་ཐོ་འགོད་པའི་དུས་ཡུན།༢༠༡༩ལོའི་སྤྱི་ཟླ༧པའི་ཚེས་༡ཉིན་ནས་ཟླ༨པའི་ཚེས་༡བར་ཡིན།ཧོར་ཟླ་༥པའི་ཚེས་༢༩ཉིན་ནས་ཧོར་ཟླ་༧པའི་ཚེས་༡བར་ཡིན། དུས་ཡུན་ལས་བརྒལ་དུས་མིང་ཐོ་འགོད་རྒྱུ་མིན།

དྲུགའབྱོར་ཐོ་འགོད་པའི་དུས་ཚོད།༢༠༡༩ལོའི་སྤྱི་ཟླ་༨པའི་ཚེས་༡༢ཉིན་གྱི་ཞོགས་པའི་དུས་ཚོད༠༨:༣༠-ཟླ༨པའི་ཚེས༡༢ཉིན་གྱི་ཕྱི་དྲོའི་དུས་ཚོད༡༨:༠༠བར་ཡིན།ཧོར་ཟླ་༧པའི་ཚེས་༡༢ཉིན་ཡིན། དུས་ཚོད་ལས་བརྒལ་དུས་འབྱོར་ཐོ་འགོད་རྒྱུ་མིན།

བདུན། དཔྱད་བསྡུར་གྱི་དུས་ཚོད། ༢༠༡༩ལོའི་སྤྱི་ཟླ༨པའི་ཚེས༡༣ཉིན།ཧོར་ཟླ༧པའི་ཚེས༡༣ཉིན།

བརྒྱད། བྱེད་སྒོའི་གཞུང་སྒྲུབ་ཁང་།

གཞུང་ལས་ཁང་གི་ཁ་པར་ཨང་གྲངས། ༠༩༤༡-༦༡༢༡༤༦༡ བརྙན་སྐྱེལ་ཁ་པར་ཨང་གྲངས། ༠༩༤༡-༦༡༢༡༤༦༡

འབྲེལ་གཏུག་མི་སྣ། ཧྲི་ཞའོ་ཀང་།    ༡༣༩༠༩༤༡༠༥༤༩

མྰ་ཅན་ཡོན།    ༡༣༩༠༩༤༡༠༡༦༢

ཁྲི་ཤན་ཀྲི     ༡༣༨༨༤༠༦༡༩༥༨

གཙོ་སྒྲུབ་ལས་ཁུངས།རྨ་ཆུ་རྫོང་སྐབས་དྲུག་པའི་ནོར་ནག་དང་བོད་ལུགབོད་ཁྱི་སོགས་དཔྱད་བསྡུར་འགྲེམས་སྟོན་འགྲན་

བསྡུར་ཆེན་མོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།

མཐུན་སྦྱོར་ལས་ཁུངས། རྨ་ཆུ་རྫོང་རྨ་ཁུག་འབྲོག་ཁྱི་སྲུང་སྐྱོབ་ཚོགས་པ།

  • 顶 0