གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་སྤེལ་འགོ་བརྩམས་པ།

2019-06-05
0

  འདི་ནི་ཟླ6པའི་ཚེས2ཉིན་འཁྲབ་སྟོན་པས་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་སྟེང་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་དེ་བོད་ལྗོངས་གྲོ་མོ་རྫོང་དུ་དངོས་སུ་སྤེལ་འགོ་བརྩམས་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། དུས་ཡུན་གཟའ་འཁོར་གཅིག་རིང་གི་རིག་གནས་དུས་ཆེན་སྐབས་སུ། གྲོ་མོ་རྫོང་གིས་མེ་ཕུང་དགོང་ཚོགས་དང་། པར་ལེན་ཡིག་རིས་འགྲེམས་སྟོན། དངོས་ཟོག་སྤེལ་རེས་ཚོགས་འདུ། དམངས་ཡོངས་ཀྱི་ལུས་སྦྱོང་། ཚོང་འགུགས་དངུལ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

འདི་ནི་ཟླ6པའི་ཚེས2ཉིན་འཁྲབ་སྟོན་པས་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་སྟེང་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཟླ6པའི་ཚེས2ཉིན་མང་ཚོགས་ཀྱིས་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་སྟེང་བོད་ལྷམ་ཉོ་བཞིན་པའི་ཚུལ་རེད།

འདི་ནི་ཟླ6པའི་ཚེས2ཉིན་མཛད་སྤྱོད་པས་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་སྟེང་ཤིང་ཕོར་གདམ་གསེས་བྱེད་བཞིན་པའི་ཚུལ་རེད།


  • 顶 0