ཐད་གཏོང་། ཚེ་བརྟན་གྱི་གླུ་ཚོགས《ཚེ་གཅིག་ལས་ཀྱི་དྭངས་མ།》ཞེས་པ་འཚོག་ལ་ཉེ།

2019-05-30
0

image.png

བྱ་ཁུ་བྱུག་གསུང་སྐད་རི་ནས་གྲགས། དབྱར་མགོ་མ་ཚེས་པའི་རྟེན་འབྲེལ་རེད། དུས་སྐལ་བ་ཡག་གི་དུས་འདི་ལ་ཁམས་པའི་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ལས་ཚེ་བརྟན་གྱི་ཆེད་ཚོགས《ཚེ་གཅིག་ལས་ཀྱི་དྭངས་མ།》ཞེས་པ་སྤྱི་ཟླ 5 པའི་ཚེས 31 ཉིན་གྱི་དགོང་མོའི་དུས་ཚོད 7:00 གྱི་སྟེང་ཁྲེང་ཏུའུ་ཧྥུའུ་ལེན་ཇ་ཁང་ནས་སྤེལ་རྒྱུ་རེད། ཐེངས་འདིའི་གླུ་ཚོགས་ཁྲོད། ང་ཚོས་ཆེད་དུ་བོད་ཀྱི་གླུ་པ་ཚེ་བརྟན་ལགས་གདན་འདྲེན་ཞུས་ཡོད་ལ། དེ་མིན་ཁོའི་གྲོགས་པོ་ཨོ་རྒྱན་ཚེ་རིང་དང་། ཨ་སྨན། བཀྲ་ཤིས་མཚོ་སོགས་སྐུ་མགྲོན་དུ་བོས་ནས། གླུ་ཞེན་རྣམས་ལ་སྒྱུ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་དབུལ་རྒྱུ་རེད།

image.png

དེ་ན་ང་ཚོས་ཐེངས་འདིའི་གླུ་ཚོགས་ཀྱི་སྐུ་མགྲོན་ཚེ་བརྟན་ལགས་ལ་རྒྱུས་ལོན་ཞིག་བྱེད། 

ཚེ་བརྟན་གྱི་ངོ་སྤྲོད་མདོར་བསྡུས།

image.png

      བོད་ཀྱི་གཞོན་སྐྱེས་གླུ་པ་ཚེ་བརྟན་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་ནས་འཚར་ལོངས་བྱུང་ཞིང་། ཁོའི་གླུ་སྐད་ལ་དཔྱིད་གསུམ་ཆབ་རོམ་འཇོམས་པའི་དྲོད་ཀྱིས་ཁེངས་ཤིང་། དབྱར་གསུམ་ཁུ་བྱུག་གྲགས་པའི་གདངས་ཀྱི་བརྒྱན་ཡོད། གཟི་རྩ་སྡེ་དགུའི་རི་ཆུ་ལུང་གསུམ་གྱིས་ཁོ་ལ་སྙན་འཇེབས་ཀྱི་སྐད་ངག་བསྩལ་ཞིང་། བོད་པ་ཚང་གི་ཡུལ་སྲོལ་གོམས་གཤིས་ཀྱིས་ཁོ་ལ་ཐུན་མོང་མ་ཡིན་པའི་གདངས་དབྱངས་གནང་།

འཁྲབ་སྟོན་ལོ་རྒྱུས།

image.png

2003ལོར་ཐེངས་དང་པོར་གར་སྟེགས་སུ་བུད་ནས། གཟི་རྩ་སྡེ་དགུའི་དམངས་གཞས་ཤིག་གིས་ཀུན་གྱི་ཡིད་དབང་བཀུག

2004ལོར་གཟི་རྩ་སྡེ་དགུའི་སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པར་ཞུགས་ནས་གླུ་པ་དང་མགྲིན་དབྱངས་ཚོགས་པའི་ཚོགས་གཙོའི་འགན་ཁུར།

2005ལོར་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭར་མགྲིན་དབྱངས་ཟབ་སྦྱོང་བྱེད་དུ་ཕེབས་ནས་དགེ་རྒན་སུང་དབྱང་གི་མཛུབ་སྟོན་གང་མང་བྱས།

2006ལོར་གཟི་རྩ་སྡེ་དགུའི་གངས་ལྷ་མེ་ཏོག་བོད་ཆཱའང་སྒྱུ་རྩལ་ཚོགས་པར་ཞུགས་ནས་གླུ་པ་དང་མདོ་འཛིན་པ་བྱས།

image.png

2009ལོའི་ཟླ་7པར་མི་སྒེར་གྱི་རྐྱང་གཞས་ཐོག་མ་《ཁྱེད་དང་ལྷན་དུ་ཡོད།》ཅེས་པ་འགྲེམ་སྤེལ་བྱས།

2009ལོའི་ཟླ་10པའི་ཚེས་1ཉིན་ལ་མི་སྒེར་གྱི་ཆེད་སྒྲིག་ཐོག་མ་《ཚེ་གཅིག་ལས་ཀྱི་དྭངས་མ། ང་ཡི་གཟི་རྩ་སྡེ་དགུ》ཞེས་པ་འགྲེམ་སྤེལ་བྱས། ཆེད་སྒྲིག་འདི་བོད་ཁུལ་དང་ནང་ལོགས་ས་ཁུལ་དུ་ཁྱབ་རྒྱ་ཤིན་ཏུ་ཆེ་ཞིང་། ཆེད་སྒྲིག་བསྐྱར་དཔར་ཐེངས་གཉིས་ལ་བྱས། གསར་ཏུ་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་ཞུགས་པའི་གླུ་པ་ཞིག་ལ་མཚོན་ན་འདི་ནི་རླབས་ཆེ་བའི་བྱ་བ་ཞིག་ཅི་ལ་མིན།

ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ལས་ཚེ་བརྟན་གྱི་ཆེད་ཚོགས《ཚེ་གཅིག་ལས་ཀྱི་དྭངས་མ》འདི་ནི་གླུ་ཞེན་དག་རང་ཉིད་དགའ་སའི་གླུ་པ་གླུ་མ་དང་མཉམ་དུ་གླུ་གར་གྱི་རྩེད་འཇོ་རོལ་སའི་སྟེགས་བུ་ཞིག་ཡིན་ལ། གནས་འདི་ནས་ཐེངས་འདིའི་གདན་ཞུས་སྐུ་མགྲོན་དང་ལྷན་དུ་བགྲོ་གླེང་བྱེད་ཆོག

སྤ་སེ་ལེན་སྟངས།

image.png

image.png

སྤ་སེ་མང་པོ་མེད་པས། དམ་འཛིན་བྱེད་རོགས།

བྱེད་སྒོའི་དུས་ཚོད། 2019ལོའི་ཟླ་5པའི་ཚེས་31ཉིན་གྱི་དགོང་མོའི་དུས་ཚོད་7སྟེང་།

བྱེད་སྒོའི་ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཤིན་ཆུས་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་གྱི་སྒོ་རྟགས་666ཞི་ཏོན་ཐོག་ཁང་Cཡི་བརྩེགས་4པ། (ས་འོག་མེ་འཁོར་གྱི་ལམ་ཐིགས་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་འབུད་སྒོA་དང་ཐག་ཉེ།)

དྲ་ལམ་ཐད་གཏོང་།

image.png

ཐེངས་འདིའི་གླུ་ཚོགས་ནི་ཁམས་པའི་བརྙན་འཕྲིན་དྲ་བ་དང་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས། ཤམ་བྷ་ལ་རོལ་དབྱངས་འཕྲིན་སྟེགས་བཅས་བརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། གླུ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་མི་ཐུབ་པའི་ཞེན་མི་ཚོས་དུས་ཐོག་ཏུ་གཟིགས་པར་འཚལ། དུས་མཉམ་དུ་དྲ་ལམ་ཐད་གཏོང་ཁང་གི་བགྲོ་གླེང་ལ་ཞུགས་ན་བྱ་དགའ་ཐོབ་པའི་གོ་སྐབས་ཡོད།

ཐད་གཏོང་སྦྲེལ་ཐག

https://file205966caaa75.aiwall.com/v3/idea/kFtSSCP2

https://file205966caaa75.aiwall.com/v3/idea/kFtSSCP2

སྐད་འཇོག་པའི་ལེའུ།

ཐེངས་འདིའི་གླུ་ཚོགས་ཁྲོད། ཁྱེད་ཀྱི་ཆེས་ཉན་ན་འདོད་པའི་ཚེ་བརྟན་གྱི་གླུ་དབྱངས་དེ་གང་རེད། རྒྱུ་མཚན་ཅི།

(དེའི་ཁྲོད་ནས་ཚང་མས་རེ་བ་ཆེ་ཤོས་ཀྱི་གླུ་དེ་གླུ་ཚོགས་བརྒྱུད་ནས་ལེན་རྒྱུ་ཡིན་པས་ཀུན་གྱི་དོ་སྣང་བྱེད་རོགས།)

ཚོང་འབྲེལ་དང་ཐོན་རྫས་ཁྱབ་གདལ་སྐོར་གྱི་འབྲེལ་འདྲིས་ཡིག་ཟམ། 1148611290@qq.com

  • 顶 0