མཛེས་མའི་ལུང་གི་རོལ་དབྱངས་འདུ་འཛོམས་ཀྱི་གཞས་པ་གཞས་མ་འདི་ན་འདུག

2019-05-17
0

རོལ་དབྱངས་འདུ་འཛོམས་ཐོན་པར་ཉིན་གཅིག་འདུག ཀུན་གྱི་རེ་སྒུག་བྱས་པའི་བརྗོད་དོན་གླུ་དབྱངས་སླེབས་བྱུང་།

གླུ་སྙན་མོ་རྣ་བའི་བདུད་རྩི་ཡིན་པས་ཀུན་གྱིས་གསན་གཟིགས་གནང་རོགས།

སྐྱིད་པའི་རོང་བྲག

《སྐྱིད་པའི་རོག་བྲག》བཟོ་སྐྲུན་ཚོགས་པའི་མི་སྣ་གྲགས་ཅན་ཚོས་ནུས་པ་གང་ཡོད་སྒོས་བརྗོད་དོན་གླུ་དབྱངས་བརྩམས།

སྔོན་བརྡ་ཙམ་གྱིས་མི་སེམས་འགུལ་བར་བྱས་ཡོད་ལ། དྲི་ཟའི་དབྱངས་ལ་འགྲན་པའི་སྐད་ངག་དང་གླུ་ཚིག་ཁྲོད་ཀྱི་བརྗོད་དོན་ཟབ་མོ།རྒྱལ་རོང་གི་བུ་བུ་མོ་ལྔའི་བརྩེ་བའི་གདངས་དབྱངས་ཀྱིས་2019ལོའི་རོང་འབྲོག་ཡུལ་མིའི་བཀྲ་ཤིས་སྨོན་འདུན་མཚོན་པར་བྱས་ཡོད།

《སྐྱིད་པའི་རོང་བྲག》གི་མིང་འདོགས་སྟངས་དང་བཟོ་སྐྲུན་སོགས་རིམ་པ་སོ་སོར་དམིགས་བསལ་གྱི་དགོངས་གཞི་ཡོད་ལ། ཐོག་མར་གཞས་མིང་ཐོག་ནས་བཤད་ན། སྐྱིད་པའི་རོང་བྲག་ཅེས་བྲིས་ན། ཀུན་ལ་བརྩེ་བ་དང་ཐག་ཉེ་བའི་ཚོར་བ་ཞིག་སྟེར་ཐུབ་ལ། ལྷག་པར་ཐེངས་དང་པོར་འཕྲད་དུས་ཀུན་གྱིས་དང་ལེན་བྱེད་སླ་བ་དང་བློ་ལ་འཛིན་བདེ་བ་ཞིག་ཆགས་འདུག

ཐེངས་འདིར་ཆེད་དུ་གླུ་གཞས་ལེན་ལུགས་མི་འདྲ་བའི་གཞས་པ་གཞས་མ་ལྔ་གདན་འདྲེན་ཞུས་ཤིང་། དེའི་དམིགས་ཡུལ་གང་ཡིན་ཞེ་ན། ཉན་མཁན་མང་པོ་ཞིག་ལ་ཁྱད་ཆོས་ཅན་དང་ཐུན་མོང་མ་ཡིན་པའི་རོང་བྲག་གི་གླུ་སྐད་སྙན་མོ་ངོམ་རྒྱུ་དེ་ཡིན།

དབྱངས་ཀྱི་ཆ་ནས་གཞོན་སྐྱེས་དག་གིས་རང་གི་ཕ་ས་ཕ་ཡུལ་གྱི་རིག་གནས་དང་ལོ་རྒྱུས་སེམས་ལ་འཛིན་པ་དང་། ལྷག་པར་དུས་རབས་ཀྱི་འགྲོས་དང་བསྟུན་ནས། གནའ་དེང་རིག་གནས་ཟུང་འབྲེལ་བྱས་ན་ཀུན་གྱིས་དང་ལེན་དང་རྒྱ་ཁྱབ་གཏོང་བར་ཕན་པར་འདོད།

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས། ས་སྐྱིད་པོ་མཛེས་མའི་ལུང་པ་རེད། མཛེས་སྡུག་རྣམ་པར་བཀྲ་བའི་གནས་འདི་ནས། བློ་རིག་ལྡན་ཞིང་གཞུང་རྒྱུད་དྲང་བའི་རོང་བྲག་པ་མང་པོ་གསོ་སྐྱོང་བྱས་ཤིང་། རོང་བྲག་པའི་རོལ་དབྱངས་ལ་བཅངས་པའི་བརྩེ་བ་དང་སྒྱུ་རྩལ་ལ་བཅངས་པའི་དུངས་བས། རོང་བྲག་ནས་མཆེད་པའི་གླུ་སྐད་རེ་རེ་ཡུལ་གྲུ་ཀུན་ལ་ཁྱབ་ཏུ་བཅུག

གལ་ཏེ་ད་དུང་ཁྱེད་ཀྱི་ཡིད་ཚིམ་མེད་ན་518མཛེས་མའི་ལུང་པའི་རོལ་དབྱངས་འདུ་འཛོམས་སུ་ཕེབས་དང་། ཕྱོགས་སོ་སོའི་རོལ་དབྱངས་མཁས་པ་ཚོས་ལོ་གཅིག་ཐེངས་གཅིག་གི་གླུ་གར་གྱི་སྟོན་མོ་བཤམ་རྒྱུ་རེད།མིང་གྲགས་ཅན་གྱི་གཞས་པས། ཁྱེད་ལ་སྙན་པའི་གླུ་དབྱངས་ལེན།

དབྱངས་ཅན་ལྷ་མཛེས། ལོ་བཅུ་དྲུག་ཐོག་ཟི་ལིང་སྒྱུ་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ། ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པར་ཞུགས་ནས་རོལ་ཆ་དབྱང་ཆིན་དཀྲོལ་མཁན་བྱས་ཤིང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གཞས་པའི་བརྙན་འཕྲིན་འགྲན་སྡུར་གྱི་མཚོ་སྔོན་འགྲན་ཁུལ་གྱི་མཇུག་འགྲན་མཐའ་མའི་ཁྲོད། དབྱངས་ཅན་ལྷ་མཛེས་ཀྱིས་《ཁྱོད་དང་འཕྲད་པ་ང་ཡི་ལས》ཞེས་པ་བླངས་ནས་བྱ་དགའ་ཨང་དང་པོ་ཐོབ།

ཚེ་དབང་ལྷ་མོ། བོད་ཀྱི་གཞོན་སྐྱེས་གླུ་མ་ཚེ་དབང་ལྷ་མོས་2012ལོར་ཕ་སྐད་གཙང་མའི་ཆེད་སྒྲིག་《གངས་རིའི་བུ་མོ》འགྲེམས་སྤེལ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། ལྷག་པར་《གནས་མཆོག་ལྷ་ས》དང་《ནག་ཆུའི་སྐོར་བྲོ》སོགས་གླུ་གཞས་གྲགས་ཅན་མང་པོ་ཞིག་ཀུན་གྱིས་སེམས་སུ་ཟུག་ཡོད།

བདེ་སྐྱིད་ཚེ་རིང་། བོད་ཀྱི་རོལ་དབྱངས་མཁན་བདེ་སྐྱིད་ཚེ་རིང་ལགས་ཀྱི་ཚབ་མཚོན་བརྩམས་ཆོས་ནི་《ལམ་བར་དུ།》ཞེས་པ་ཡིན་ལ། ལོ་ངོ་གཉིས་ལྷག་གི་འབད་པ་བརྒྱུད་ནས་ཆེད་སྒྲིག་ཐོག་མ་《ལམ།》ཞེས་པ་འགྲེམས་སྤེལ་བྱས་ཤིང་། དེའི་ཁྲོད་དུ་《གངས་རི་དང་གཙང་བོ།》《འཚོ་བ།》《བུ་མོ་བསྟན་འཛིན་ལྷ་སྐྱིད།》《རེ་བ།》《ཨ་མ།》《འབྲོག་ཕྲུག》《ལང་ཚོའི་རྦབ་ཆུ་》སོགས་ཡོད།

ཨ་ཅག་ཚན་སྡེབ། ཀྲུང་གོའི་ཆེས་ཐོག་མའི་བོད་ཀྱི་བུད་མེད་ཚན་སྡེབ་ཡིན་ལ། ཚན་སྡེབ་འདི་ད་ལྟ་ཚེ་དབང་ལྷ་མོ་དང་སྐལ་བཟང་སྒྲོལ་མ་གཉིས་ཀྱིས་གྲུབ། 2002ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཞོན་པའི་གླུ་གཞས་འགྲན་སྡུར་ཁྲོད་ལྷང་ལ་བུད་ནས་“ཁུར་ཚོས་དམར་པོ་”རྒྱལ་ཡོངས་སུ་གྲགས། 2003-2004ལོར་བསྟུད་མར་ལོ་གཉིས་ལ་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སུ་ཞུགས། 2003-2006ལོར་བསྟུད་མར་ལོ་གསུམ་ལ་བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས། ཚབ་མཚོན་བརྩམས་ཆོས་ལ《ཟླ་འོད་སྟེང་དུ་བགྲོད་པ།》《ཁྱེད་དང་འཕྲད་པ།》《ང་སྔར་བཞིན་ང་ཡིན།》སོགས་ཡོད།

བརྩོན་འགྲུས། བོད་ཀྱི་གླུ་པ་བརྩོན་འགྲུས་ནི་ཀྲུང་གོའི་རོལ་དབྱངས་རྩོམ་རིག་རིག་གཞུང་སློབ་ཚོགས་ཀྱི་ལས་འཛིན་དང་། སི་ཁྲོན་རོལ་མོ་བ་ལྷན་ཚོགས་ཀྱི་ཚོགས་མི། སི་ཁྲོན་རོལ་དབྱངས་འཕེལ་རྒྱས་སྐུལ་སྤེལ་ཚོགས་པའི་ལས་འཛིན། དཀར་མཛེས་ཁུལ་རོལ་མོ་བའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། པ་ཧྲུའུ་རིག་རྩལ་བྱ་དགའ་དང་“ལྔ་ཅན་གཅིག་གི་བཟོ་སྐྲུན་”བྱ་དགའ་ཐོབ་མཁན། སི་ཁྲོན་ཞིང་ཆེན་ཕུལ་བྱུང་འཁྲབ་སྟོན་པ། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན།

བློ་བཟང་དོན་གྲུབ།  ཁོ་ནི་རོང་བྲག་མཛེས་མའི་ལུང་པ་ནས་སྐྱེས་ཤིང་། 1995ལོར་དཀར་མཛེས་ཁུལ་གླུ་གར་ཚོགས་པ་ནས་སློབ་སྦྱོང་བྱས་ཤིང་། 1996ལོར་ཁུལ་ཡོངས་གཞོན་སྐྱེས་གླུ་པའི་འགྲན་སྡུར་ལ་ཞུགས་ནས་ཨང་དང་པོ་ཐོབ། ལོ་དེར་སི་ཁྲོན་ཞིང་ཆེན་ཞབས་བྲོ་སློབ་གླིང་གི་གླུ་གར་སྡེ་ཁག་ཏུ་ཞུགས། དེ་རྗེས་ཡ་དུང་དང་གཡུང་དྲུང་རྒྱལ། ནམ་མཁའ་བུ་ཁྲིད་དང་མཉམ་དུ་《གཡང་འཁོར་ལོ》ཞེས་པའི་ཆེད་སྒྲིག་འགྲེམས་སྤེལ་བྱས། དེ་མ་ཟད་ཧྲང་ཧེ་དང་མཚོ་སྔོན། ཀྲུའུ་ཧེ། བོད་ལྗོངས་སོགས་སུ་འཁྲབ་སྟོན་བྱེད་པར་ཕེབས་མྱོང་།

བསོད་ནམས་དབྱངས་ཅན། རྒྱལ་རོང་གི་གླུ་མ་ཞིག་ཡིན་ལ། བསྟུད་མར་《གངས་ལྗོངས་ཀྱི་སྐལ་བཟང་མེ་ཏོག》དང་《རི་བོ་གདང་ལའི་རླུང་འཚུབ།》《ཉི་སྟེང་གི་གཏམ་རྒྱུད།》བཅས་ཀྱི་ཁྲོད་དུ་ཞུགས་མྱོང་།

ཚེ་དབང་ནོར་བུ། 1996ལོའི་ཟླ་10པའི་ཚེས་9ཉིན་ལ་བོད་ལྗོངས་ནག་ཆུ་ནས་སྐྱེས། 2014ལོར་ཀོང་ཏུང་བརྙན་འཕྲིན་ཁང་གིས་སྤེལ་བའི་《ཀྲུང་གོའི་ཕོ་གསར་བཟང་པོ་》ཞེས་པའི་ལེ་ཚན་ལ་ཞུགས། 2017ལོར་ཐིན་ཞོན་བརྙན་ཟློས་ཀྱིས་སྤེལ་བའི་རོལ་དབྱངས་ལེ་ཚན་《སང་ཉིན་གྱི་གཞོན་པ》ཞེས་པའི་འགྲན་སྡུར་ལ་ཞུགས་ནས་ཨང་བཞི་བའི་ནང་དུ་ཚུད།

ཚེ་དབང་རྡོ་རྗེ་ཁྱིམ་ཚང་གང་བོ་ནི་བོད་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཚན་སྡེབ་ཅིག་ཡིན་ལ། རོང་བྲག་ནས་ཐོན་པའི་ཁྱིམ་ཚང་གང་བོ་འདིའི་ཚབ་མཚོན་བརྩམས་ཆོས་ལ། 《ཨ་ཕ་ཨ་མའི་སེམས་ཀྱི་ལྷ་མོ》ཞེས་པ་ཡོད་ལ། གླུ་གཞས་དེ་ཁམས་པའི་བརྙན་འཕྲིན་ཁང་གི་ཀྲུང་གོ་བོད་གླུའི་པང་གི་ཨང་དང་པོ་བླངས་མྱོང་ལ། སྐབས་གསུམ་པའི་ཁྲོ་ཆུ་གཡག་རོལ་དབྱངས་དུས་ཚིགས་ཀྱི་ཆེས་དགའ་བསུ་ཐོབ་མཁན་དང་། པེ་ཅིན་བྱ་ཚང་“མི་རིགས་ཀྱི་རྣམ་ཤེས་”ཀྱི་ཆེས་མཐོའི་རོལ་དབྱངས་འདུ་ཚོགས་ཁྲོད་གསེར་གྱི་གླུ་གཞས་ཀྱི་བྱ་དགའ་བླངས།

སྐལ་བཟང་སྒྲོལ་མ་ནི་སྒྱུ་རྩལ་གྱི་ལམ་ལ་ཞུགས་ནས་ལོ་ངོ་ཉི་ཤུ་ལོན་པའི་གཞས་མ་ཞིག་ཡིན་ལ། གླུ་དབྱངས་བརྩམས་ཆོས་ལ་“ལྔ་ཅན་གཅིག་གི་བཟོ་སྐྲུན་”བྱ་དགའ་ཐོབ་པའི་《ཨ་མ་གཅིག་གི་བུ་མོ》དང་《ཕ་ཡུལ་གྱི་དུ་བ།》《གངས་དཀར་སེམས་ལ་འཛིན་རོགས།》《རྨི་ལམ་ནང་གི་མཛའ་བོ།》《སེམས་ཀྱི་སྐད་ཆ།》《གངས་ལྗོངས་མཐོ་སྒང་།》སོགས་ཡོད།

གངས་རིའི་ནང་མ་ཚན་སྡེབ། 2009ལོར་རྐྱང་གཞས་གསར་པ་《ང་རང་གངས་རི་ནས་ཐོན།》ཞེས་པ་འགྲེམས་སྤེལ་བྱས་ཤིང་། ལོ་ཕྱེད་ཙམ་གྱི་རིང་གངས་རིའི་ནང་མ་ཚན་སྡེབ་བོད་ཁུལ་གྱི་ཡུལ་ལུང་ཀུན་ལ་ས་ཁྱབ་རྡོ་ཁྱབ་གྱུར། དེ་མིན་ཚབ་མཚོན་བརྩམས་ཆོས་ལ《ང་རང་མཛའ་གླུ་ལེན་རྒྱུར་དགའ།》སོགས་ཡོད།

ས་གནས་རོལ་དབྱངས་ཀྱི་ཉམས་ཀྱིས། འདུ་འཛོམས་ལ་ངག་གི་མཆོད་པ་འབུལ།ས་གནས་རང་གི་གླུ་སྐད་སྙན་མོའི་ཚབ་བྱེད་ཚོས་རྒྱལ་རོང་གི་བོད་པ་ཚོར་དབང་བའི་རོལ་དབྱངས་ཀྱི་འདུ་འཛོམས་དོན་སྙིན་ལྡན་པ་ཞིག་ཏུ་གཏོང་བར་ཡིད་ཆེས་ཡོད།

ད་དུང་དེ་ལས་ལྷག་པའི་གསང་བའི་གཞས་པ་མང་པོ་ཞིག་མཛེས་མའི་ལུང་པའི་རོལ་དབྱངས་འདུ་འཛོམས་སུ་ཕེབས་ཡོང་གི་ཡོད།

གལ་ཏེ་ཁྱེད་རང་གིས་ཡིད་ཚིམ་པ་ཞིག་ཉན་འདོད་ན་ངེད་ཅག་གིས་ཉིན་གསུམ་གྱི་དགའ་སྟོན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

2019ལོའི་སི་ཁྲོན་དཀར་མཛེས་རི་ཐང་ཡུལ་སྐོར་རིག་གནས་དུས་ཆེན་དང་

རྒྱལ་རོང་བོད་རིགས་དམངས་སྲོལ་དུས་ཆེན་སྤྱི་ཟླ་5པའི་ཚེས་19ཉིན་ནས་བཟུང་སྤེལ་རྒྱུ་རེད།

སྤྱི་ཟླ་5པའི་ཚེས་19ཉིན།

2019ལོའི་སི་ཁྲོན་དཀར་མཛེས་རི་ཐང་ཡུལ་སྐོར་རིག་གནས་དུས་ཆེན་དབུ་ཚུགས་མཛད་སྒོ།

དངོས་ལྗོངས་གླུ་གར་ཟློས་གར་《མཛེས་མའི་ལུང་པ།》འཁྲབ་སྟོན།

གངས་དཀར་རི་བོ་དང་རྒྱལ་མོའི་རྔུལ་ཆུའི་འབབ་རྒྱུད་ཀྱི་རང་སྐོར་ཡུལ་སྐོར་མྱོང་རོལ་བྱེད་སྒོ།

སྤྱི་ཟླ་5པའི་ཚེས་19ཉིན་ནས་སྤྱི་ཟླ་5པའི་ཚེས་20ཉིན་ལ།

རྒྱལ་རོང་བོད་རིགས་དམངས་སྲོལ་དུས་ཆེན་གྱི་མཛེས་མའི་འགྲན་སྡུར།

སྤྱི་ཟླ་5པའི་ཚེས་19ཉིན་ལ།

ཏང་ལེན་སྦྲ་གུར་མྱོང་རོལ་བྱེད་སྒོ།

སྤྱི་ཟླ་5པའི་ཚེས་20ཉིན་ལ།

མཛེས་མའི་ལུང་པའི་རི་ཐང་མ་ལ་སུང་།

སྤྱི་ཟླ་5པའི་ཚེས་18ཉིན་ནས་ཚེས་22ཉིན་ལ།

དྭངས་གཙང་དཀར་མཛེས་ཟས་མཆོག་དང་རོང་བྲག་རྫོང་གི་ཁྱད་ལྡན་ཞིང་ཐོན་དངོས་རྫས་འགྲེམས་སྟོན་ཕྱིར་འཚོང་འདུ་འཛོམས།


མཛེས་མ། ཟས་མཆོག བདུད་རྩི། མཛེས་ལྗོངས།

རོང་བྲག་ནས་འཛོམས་བྱུང་། འཛོམས་པ་ཡག་བྱུང་།

  • 顶 0