ཀྲའོ་ལི་ཅི་ཡིས་ནེ་པ་ལའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

2019-05-01
0

20190430092759brex.jpg

ཟླ4བའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་དུ་ནེ་པ་ལའི་ཙུང་ཐུང་པན་ཏཱ་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་དགུ་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་དུ་ནེ་པ་ལའི་ཙུང་ཐུང་པན་ཏཱ་ལེ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཙུང་ཐུང་པན་ཏཱ་ལེ་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང2019ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་འགྲེམ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་དགའ་བསུ་ཞུས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འཆར་གཞི་གསར་བ་བཀོད། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་གཅིག་ཏུ་འདྲེས་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་ངང་སྤེལ། ཀྲུང་གོས་ནེ་པ་ལ་དང་མཉམ་དུ། སྤུས་ཚད་མཐོན་པོའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ནེ་པ་ལའི་དུས་ཡུན་རིང་བོའི་མཛའ་བརྩེའི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པན་ཏཱ་ལེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་ནི་འཛམ་གླིང་ཡོངས་ལ་ཕན་པའི་རླབས་ཆེན་གྱི་གྲོས་གཞི་ཡིན་ལ། ཐེངས་འདིའི་གླེང་སྟེགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུ་བ་ཡིན། ནེ་པ་ལ་ཡིས་ནམ་ཡང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཁྲོད་ཞུགས་པ། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་ནན་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་མི་གཞུང་། དབུལ་སྐྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།


  • 顶 0