བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།

2019-05-01
0

༡.jpg

བོད་རང་སྐྱོང་ལྗོངས་ཀྱི2019ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་སྦྱོང་གི་དགེ་འདུན་པས། དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་།  དེ་ལ་དཔང་ཡིག་སྤྲོད་པའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི2019ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་སྦྱོང་གི་དགེ་འདུན་པས། དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་། དེ་ལ་དཔང་ཡིག་སྤྲོད་པའི་མཛད་སྒོ་བོད་ལྗོངས་ལྷ་སའི་གཙུག་ལག་ཁང་དུ་འཚོགས། མཛད་སྒོ་སྤེལ་ཡུལ་དུ་བསྡོམས་པས་དཔྱད་ཞིབ་ཨུ་ཡོན30དང་། སེ་འབྲས་དགེ་གསུམ་དང་། གཙུག་ལག་ཁང་། ར་སྟོད་དགོན་བཅས་ནས་ཕེབས་པའི་རྒྱུགས་རོགས་དགེ་འདུན་པ་དང་། དད་ལྡན་མང་ཚོགས་བཅས་བསྡོམས་མི་གྲངས170ཡོད།  

སྔ་དྲོའི་ཆུ་ཚོད9པ་ཙམ་ལ་དངོས་སུ་དམ་བཅའ་འཇོག་པའི་མགོ་བརྩམས་ཤིང་། མཛད་སྒོ་དེ་དགེ་བཤེས་ལྷ་རམས་པའི་སློབ་གནས་དཔྱད་འདེམས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། དཔྱད་འདེམས་ཨུ་ལྷན་གྱི་རྒྱུགས་སྤྲོད་ལྟ་ཞིབ་འོག  དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པ12ཀྱིས། རེས་མོས་ངང་རྒྱུགས་རོགས་གྲྭ་མང་གིས་བཏོན་པའི《ཚད་མ》དང་།《ཕར་ཕྱིན》《དབུ་མ》《མངོན་པ་མཛོད》《འདུལ་བ》བཅས་གཞུང་བཀའ་པོད་ལྔའི་སྐོར་གྱི་རྩོད་ལན་བཏབ། 

༢.jpg

བོད་རང་སྐྱོང་ལྗོངས་ཀྱི2019ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་སྦྱོང་གི་དགེ་འདུན་པས། དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་།  དེ་ལ་དཔང་ཡིག་སྤྲོད་པའི་ཡུལ་དངོས།

དམ་བཅའ་འཇོག་པའི་ཡུལ་དངོས་སུ་གྲྭ་པ་དང་རྒྱུགས་སྤྲོད་ལས་རོགས་དགེ་འདུན་པའི་དབར་ཁ་ལྕེ་རྣོ་བའི་རྩོད་གླེང་དྲག་པོ་བྱས་ཏེ། ཕྱོགས་གཉིས་པོས་ལུང་འདྲེན་ཁུངས་སྐྱེལ་བྱས་ནས། ཕན་ཚུན་དབར་གུ་ཡངས་གཏན་ནས་མི་གཏོང་ཞིང་། སྐབས་རེ་དགོད་བྲོ་པོ་དང་། སྐབས་རེ་གཟབ་ནན་བྱེད་ཀྱི་ཡོད། དཔྱད་ཞིབ་ཨུ་ལྷན་གྱི་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། དགའ་ལྡན་དགོན་པའི་ཕུན་ཚོགས་བསྟན་དར་གྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་པ་དང་། བྱམས་པ་གླིང་དགོན་གྱི་བློ་བཟང་བསྟན་འཛིན་ལ་ཨང་གཉིས་པ་ཐོབ། ཡུན་མདོ་དགོན་པའི་འཇམ་དབྱངས་སངས་ལ་ཨང་གསུམ་པ་ཐོབ་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས2019ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པ་ཚོར་དར་ཚོན་སྣ་ལྔའི་གོས་ཆེན་དང་། སིལ་སྐམ། གཟན་དང་གསེར་རྒྱན་བཅས་སྤྲད་ནས་བཀྲ་ཤིས་བདེ་ལེགས་ཞུས། 

༣.jpg

བོད་རང་སྐྱོང་ལྗོངས་ཀྱི2019ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་སྦྱོང་གི་དགེ་འདུན་པས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་། དེ་ལ་དཔང་ཡིག་སྤྲོད་པའི་ཡུལ་དངོས། 

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་རྒྱུགས་སྤྲོད་མཁན་གྲྭ་པ་བཅུ་གཉིས་ཀྱིས2018ལོར་སེར་ར་དགོན་ནས2019ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སློབ་སྦྱོང་གི་དགེ་འདུན་པས། དགེ་བཤེས་ལྷ་རམས་པའི་མཚན་གནས་སུ་འཕར་བའི་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་གཞི་ཡོངས་ལེགས་འགྲུབ་བྱུང་སྟེ། སྔགས་སྡེའི་དམ་བཅའ་རྩོད་གླེང་བྱ་བའི་ཐོབ་ཐང་རེག

༤.jpg

འདི་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པར་དཔང་ཡིག་གནང་བའི་རྣམ་པ་རེད།

དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲྭ་པས་མདོ་སྡེ་སྒྲུབ་སྦྱོང་བྱེད་པའི་ཆེས་མཐོའི་མཚན་གནས་ཤིག་ཡིན་ཞིང་། ལོ་རེའི་སྔོན་རྒྱུགས་དེ་ལྷ་སའི་སེ་འབྲས་དགེ་གསུམ་དུ་རེས་མོས་ངང་སྤེལ་གྱི་ཡོད་པ་དང་། དགེ་འདུན་པ་རྣམས་ཀྱིས་སྔོན་རྒྱུགས་ནན་པོ་བླངས་ཏེ་གཙུག་ལག་ཁང་གི་སྔགས་སྡེའི་དམ་བཅའ་རྩོད་གླེང་བྱས་རྗེས་གཞི་ནས་མཚན་གནས་འདི་ཐོབ་ཀྱི་ཡོད་པ་རེད། །


  • 顶 0