དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར38.8མངོན་འགྱུར་བྱུང་།

2019-04-11
0

timg.jpg

ཉེ་ཆར། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་ཀན་སུའུ་ཞིང་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི578.3སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར38.8མངོན་འགྱུར་བྱུང་པ་དང་། ན་ནིང་དང་བསྡུར་ན་སོ་སོར23%དང28%ཡན་འཕར་སྣོན་བྱུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 5Aརིམ་པའི་མཛེས་ལྗོངས་ཁུལ4ཡི་ཁྲོད།   ཐེན་ཧྲུའེ་མའེ་ཅི་རི་བོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི6.83སྣེ་ལེན་ཞུས་པ་བརྒྱུད་ཨང་དང་པོར་གནས་པ་དང་། ཕིང་ལེང་ཁུང་ཐུང་རི་བོ་དང་ཏུན་ཧོང་མིང་ཧྲ་རི་བོའི་ཟླ་གམ་མཚེའུ། ཅ་ཡུས་ཀོན་མཁར་གྲོང་བཅས་རྗེས་སུ་འབྲངས་ཡོད། གཙོ་གནད་མཛེས་ལྗོངས་ཁུལ་གཞན་དག་ཁྲོད་ཡུང་ཅིང་རྨ་ཆུའི་འགག་གསུམ་དང་། བསང་ཆུའི་བླ་བྲང་དགོན་པ་སོགས་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ་དང་ཡུལ་སྐོར་གྱི་མི་ཐེངས་མང་དུ་ཕྱིན་ཡོད།

timg呃呃.jpg

དྭངས་གསལ་དུས་ཆེན་གྱི་ཡར་སྔོན་དུ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ཕ་མེས་ལ་མཆོད་པ་འབུལ་པའི་ཡུལ་སྐོར་དང་། གསར་བརྗེའི་གནས་མཆོག་ཡུལ་སྐོར། མེ་ཏོག་ལ་རོལ་བའི་ཡུལ་སྐོར་སོགས་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་བརྒྱད་བཏོན་ནས་ཞིང་ཆེན་ཡོངས་ཀྱི་གུང་གསེང་རིང་གི་ཡུལ་སྐོར་ཐོན་རྫས་མཁོ་འདོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད། ཐེན་ཧྲུའེ་དང་ཏུན་ཧོང་སོགས་སུ་རིག་གནས་ཚོགས་མཆོད་དང་། རིག་དངོས་འགྲེམས་སྟོན་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ལ་རོལ་མྱོང་བྱེད་དུ་བཅུག་པ་དང་། ཕིང་ལེང་ཁུང་ཐུང་ཆུས་ཧའེ་ཀྲའེ་ཀོའུ་དང་ཏིང་ཤིས་ཏི་ཏའོ་ཤང་ཡུན་སོགས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་མཛེས་ལྗོངས་ཁུལ་གྱིས་ཀྱང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

r'rtimg.jpg

གླེང་རིན་ཡོད་པ་ཞིག་ནི་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཡུལ་སྐོར་བར་གུང་གསེང་རིང་ས་ཁོངས་ཧྲིལ་པོ་དང་བར་སྟོང་ཧྲིལ་པོའི་ཡུལ་སྐོར་སྟབས་བདེ་བསྐྲུན་ཡོད། ལན་ཀྲོའུ་གྲོང་ཁྱེར་གྱིས་དྭངས་གསལ་དུས་ཆེན་གྱི་གུང་གསེང་ནས་བཟུང་ཆིང་ཁྲེང་གནའ་གྲོང་སོགས་སུ་སྐྱོད་པའི་ཞིང་ཆེན་ནང་ཁུལ་གྱི་མཛེས་ལྗོངས་ཁུལ30ལྷག་ཙམ་གྱི་ཡུལ་སྐོར་ཐད་གཏོང་རླངས་འཁོར་ཤར་གཏོང་བྱས་ནས་གྲོང་མིའི་ཕྱིར་སྐྱོད་དགོས་མཁོ་བསྐངས། 

  • 顶 0