མཚོ་མོ་ཁྲི་ཤོར་རྒྱལ་མོའི་འཛུམ་གྱིས་མཚོ་བོད་མཐོ་སྒང་ལ་མཛེས་སྡུག་གི་གསོན་ཉམས་བྲིས།

2019-04-10
0

ད་ལོའི་ཟླ་༤བའི་ཚེས་༡པོ་ནས་བཟུང་མཚོ་མོ་ཁྲི་ཤོར་རྒྱལ་མོའི་མཚོ་དར། དཔྱིད་ཉི་རིང་མོའི་དྲོད་དང་མཁའ་རླུང་བཙན་པོའི་རླུང་ཤུགས་ལ་བརྟེན་ཏེ་ཉིན་རེ་བཞིན་འགྱུར་ལྡོག་གི་ལམ་ལ་ཞུགས་བཞིན་མཆིས།   སྤྱིར་མཚོ་མོའི་དར་ཁ་འབྱེད་པར་རྣམས་པ་གཉིས་ལས་མེད་ལ་གཅིག་ནི་དཔྱིད་ཉི་རིང་མོའི་དྲོད་ལ་བརྟེན་ནས་ཡུན་གྱིས་མཚོ་དར་ཞུ་ནས་མེད་པར་འགྱུར་བ།  གཉིས་ནི་མཁའ་རླུང་བཙན་པོའི་རླུང་ཤུགས་ལ་བརྟེན་ནས་མཚོ་དར་མཚོ་ཡི་མཐའ་འཁོར་དུ་བྲག་རི་བཞིན་བརྩིགས་ཏེ་ཡུན་རིང་དུ་དར་གྱི་མཛེས་སྡུག་གི་ཁོར་ཡུག་ཡ་མཚར་བསྐྲུན་པ། ད་ལོར་མཚོན་ན་སྔ་དྲོར་ཉི་དྲོད་འཛོམས་ཤིང་ཕྱི་དྲོར་རླུང་ཤུགས་ཆེ་བའི་གནམ་གཤིས་ཁྱད་པར་བ་ཞིག་ལ་འཕྲད་ཡོད་ཕྱིར།    སྔ་དྲོའི་མཚོ་མདོག་གཡུ་ཡི་མེ་ལོང་བཞིན་གཡའ་དག་ཅིང་ཕྱི་དྲོའི་མཚོ་མཐའ་གངས་ཀྱི་ཞིང་ཁམས་བཞིན་ཡིད་འཕྲོགས་པའི་དག་ཞིང་ཞིག་ཏུ་གྱུར་འདུག

བླ་མཚོའི་དར་གྱི་མཆོད་པ།

འོག་མ་ཀླུ་ཡི་ཕོ་བྲང་།

རྟ་ཕྱུགས་དར་གྱི་ཡུལ་གྲུ།

མཚོ་མོ་གཡུ་ཡི་མེ་ལོང་།

མཚོ་དར་པད་མ་དཀར་པོ།

མཚོ་མཐའི་མཛེས་ལྗོངས།

མཚོ་མཐའི་མཛེས་ལྗོངས།

མཚོ་མཐའི་མཛེས་ལྗོངས།

མཚོ་མཐའི་མཛེས་ལྗོངས།

མཚོ་མཐའི་མཛེས་ལྗོངས།

མཚོ་མཐའི་མཛེས་ལྗོངས།

  • 顶 0