བོད་ཡིག་ཏུ་སྲོག་གི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།

2016-09-28
སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་ལ་ཟེར་བ་ཡིན་ཏེ།  བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་སོ།དཔེར་ན།  སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ནོ།
<