སེང་ལྕམ་འབྲུག་མོ།

2019-08-27
0

འཆི་མེད་མགོན་པོ།


ཚིགས་བཟང་ལྷ་མོའི་མཛེས་སྡུག་དཔལ་བཅོམ་ཞིང་།།

བགྲང་ཡས་ཀླུ་མོའི་ཚོགས་ཀྱང་ཟིལ་གྱིས་མནན།།

ས་སྟེང་བུ་མོས་ཞབས་རྗེས་མཆོད་ལ་དབང་།།

སེང་ལྕམ་འབྲུག་མོ་མཛེས་པའི་ཕུལ་དུ་ཕྱིན།།


དྲུག་འགྱུར་མགྲིན་གླུ་ངག་ལ་གྱེར་ཙ་ན།།

ཚངས་པའི་དབྱངས་དང་དབྱངས་ཅན་རྒྱུད་མང་ཡང་།།

ལྷོད་པར་གྱུར་ཅིང་སྐྱེ་འགྲོའི་རྒྱུ་འགྲུལ་འགོག།

ཨེ་མ་གླུ་མ་གཅིག་ལ་འབྲུག་མོ་བཟང་།།


ག་འགྲོའི་ས་ལ་མེ་ཏོག་ལྷག་པར་བཞད།།

རི་དྭགས་སྒོ་ཟོག་བག་ཕེབས་དགའ་ཞིང་རྩེ།།

མི་རྣམས་མཐོང་ན་འབྲལ་བ་མི་འདོད་འདི།།

འབྲུག་མོའི་དུང་སེམས་དཀར་མོའི་མཐུ་ལས་བྱུང་།།


  • 顶 0