གཟི་མདངས་ལྡན་པའི་སྡེ་དགེ

2019-09-19
0


དྭངས་གཙང་ཆབ་དང་ཆུ་བོ་ལྷུང་ལྷུང་བཞུར།། 

མཐོ་བརྗིད་རི་ཕྲེང་མཆོད་པ་བཤམས་འདྲ་ཡོད།།

སྡེ་བཞི་དགེ་བཅུ་འཛོམས་པའི་རི་ཆུ་འདི།།

བདེ་ལྡན་སྐབས་གསུམ་གནས་ལ་ཅོ་འདྲིའོ།།


བཟོ་བོའི་ཕྱག་རྩལ་ལས་འཁྲུངས་རྐོས་པར་མཛེས།།

དགོས་དོན་འཆད་ཉན་ཆུ་བོའི་རྒྱུན་བཞིན་བསྐྱངས།།

ཉིང་དགོས་ལུང་རྟོགས་རྒྱལ་མཚན་དགུང་དུ་བསྒྲེངས།།

པར་ཁང་ཆོས་མཛོད་སྲིད་པའི་སྒྲོན་མེར་གྱུར།།


ཐོས་བསམ་ནོར་བུའི་བང་མཛོད་འདི་ན་མང་།།

འཁྲུལ་མེད་སྡེབ་སྦྱོར་སྨན་རྩལ་འདི་ན་དར།།

བརྐོས་བཅའ་མགར་བླུགས་བཟོ་རིགས་བཅོ་བརྒྱད་པོ།།

འདི་ན་འཛོམས་ཞེས་གྲགས་པ་དོན་དང་ལྡན།།


འཛམ་གླིང་མི་ཡི་ཉི་མ་གེ་སར་རྗེ།།

མ་ཧ་མཁས་ཆེན་མི་ཕམ་རྣམ་རྒྱལ་དང་།།

ལུགས་གཉིས་འཁོར་བསྒྱུར་སྡེ་དགེ་རྒྱལ་བོ་སོགས།།

སྐྱེས་མཆོག་འཇིག་རྟེན་རྒྱན་ཚོའི་འཁྲུངས་ས་ལགས།།


  • 顶 0