ཀན་སུའུ་རྨིན་ཞན་①ནས་རྙེད་པའི་བོད་ཡིག་དཔེ་རྙིང་《གཟུངས་གྲྭ་ལྔ་》ཞེས་པར་རགས་ཙམ་དཔྱད་པ།

2020-04-21
0

[ནང་དོན་གནད་བསྡུས།] 《གཟུངས་གྲྭ་ལྔ་》འདི་ཐོག་མར་བསྟན་པ་སྔ་དར་གྱི་དུས་སུ་བོད་ཡིག་ཏུ་བསྒྱུར་བ་དང་། ཕྱིས་སུ་དུས་རབས་རིམ་བྱོན་གྱི་མཁས་པ་དག་གིས་ཀྱང་དེ་ཡི་ཆོ་ག་དང་ཕྱག་ལེན་སྐོར་ནས་འགྲེལ་བཤད་གང་མང་མཛད་ནས་གྲ་རྒྱས་སུ་སོང་ཡོད་ཀྱང་། དེ་ལ་ཆེད་དུ་ཞིབ་འཇུག་བྱས་པ་མཐོང་དཀོན། དཔྱད་རྩོམ་འདིར་ཡིག་ཚང་དང་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་བརྒྱུད་དེ། ཀན་སུའུ་རྨིན་ཞན་དུ་ཉར་བའི་《གཟུངས་གྲྭ་ལྔ་》ཞེས་པའི་བོད་ཡིག་དཔེ་རྙིང་དེའི་ཞལ་ཁེབས་དང་། དབུ་ཞབས་ལྷ་སྐུ། ཡི་གེ།  མཇུག་བྱང་གི་ལོ་ཚིགས་འགོད་སྟངས་སོགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཉམས་ཞིབ་བྱས་པ་བརྒྱུད། དཔེ་རྙིང་དེ་ཉིད་ས་གནས་དེ་ནས་འབྲི་བཞེངས་བྱས་པའི་དཔེ་རྙིང་ཞིག་ཡིན་ཚུལ་སྐོར་ལ་དཔྱད་འཇོག་བྱས་ཡོད།

[བརྡ་ཆ་གཙོ་བོ།] རྨིན་ཞན། བོད་ཡིག་དཔེ་རྙིང་། 《གཟུངས་གྲྭ་ལྔ》

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6

[ཡིག་ཚང་མཚོན་བྱང་།] A

  • 顶 0