ཀན་ལྷོ་ནས་ཤེས་རྟོཊ་བྱུང་བའི་འཛམ་གླིང་གནའ་དཔྱད་གྲུབ་འབྲས་ཆེན་མོ།

2019-12-19
0

   ཉེ་ཆར། ཨ་རིའི《གནའ་དཔྱད་རིག་པ》ཞེས་པའི་དུས་དེབ་ཐོག2019ལོའི་ལོ་འཁོར་གྱི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཤེས་རྟོགས་ཆེན་པོ་བཅུ་དཔྱད་འདེམས་བྱས་པ་རེད། དེའི་ནང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་དང་། ལན་ཀྲོའུ་སློབ་ཆེན། འཇར་མན་མཱ་ཕུའུ་འཕེལ་འགྱུར་མིའི་རིགས་རིག་པའི་ཞིབ་འཇུག་ཁང་བཅས་ཀྱི་མཁས་དབང་གིས་སྣེ་ཁྲིད་དང་ཚན་ཞིབ་ཁང་མང་པོ་མཉམ་དུ་ཞུགས་པའི་མཚོ་བོད་ས་མཐོའི་ཏན་ཉི་སུའོ་ཝ་མི་ཞིབ་འཇུག་དེའི་ནང་བདམས་ཐོན་བྱུང་བ་རེད།

    ཀན་ལྷོ་བསང་ཆུའི་ཏན་ཉི་སུའོ་ཝ་མིའི་ཞིབ་འཇུག་ནི་ད་ཐེངས་ཀྱི་འཛམ་གླིང་གནའ་རྫས་རྟོག་ཞིབ་ཤེས་རྟོགས་ཆེན་པོ་བཅུ་ལས་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་ཁོ་ན་དེ་ཡིན་ལ། ཀྲུང་གོ་ནས་ཡོང་བའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཁོ་ན་དེ་ཡང་ཡིན།   

 2019ལོའི་ཟླ5ཚེས2ཉིན་ཞིབ་འཇུག་གྲུབ་འབྲས་དེ《རང་བྱུང》དུས་དེབ་(Nature)ཐོག་སྤེལ་ཡོད། 

 ཞིབ་འཇུག་ལས་གསལ་སྟོན་བྱས་དོན། ཀྲུང་གོའི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྒན་གྱའི་བྲག་དཀར་ཕུག་པ་ནས་ཤེས་རྟོགས་བྱུང་བའི་གནའ་བོའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ་དེ་ད་བར་ལོ་ཁྲི16ཙམ་ཕྱིན་པ་དང་། དེ་ནི་ཤིས་པོ་ལི་ཡའི་ཨར་ཐེ་ས་ཁུལ་གྱི་ཏན་ཉི་སུའོ་ཝ་བྲག་ཕུག་ཕུད་ཤེས་རྟོགས་བྱུང་བའི་ཏན་ཉི་སུའོ་ཝ་མིའི་འགྱུར་རྡོ་ཐོག་མ་དེ་ཡིན་ལ། མིག་སྔའི་མཚོ་བོད་ས་མཐོའི་ཆེས་སྔ་ཤོས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་དཔང་རྟགས་ཤིག་ཀྱང་རེད།


  • 顶 0