ཏུན་ཧོང་ཡིག་རྙིང་དུ་ཁྲི་ཀ་ཞེས་པའི་མིང་གི་བྱུང་ཚུལ།

2017-10-16

  ཁྲི་ཀ་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་གནས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཆུ་བོ་ཆེན་པོ་གསེར་གྱི་མངལ་ལྡན་ཏེ་རྨ་ཀླུང་རིང་མོ་ས་དབྱིབས་ནོར་བུ་དགའ་འཁྱིལ་ལྟ་བུ་ལ་གཡས་སུ་ཕྱི་སྐོར་ནང་སྐོར་དུ་འབབ་པའི་ཁུགས་པའི་ནང་ངོས་སུ་ཆགས་ཡོད་ལ།ཡུལ་དེར་ཁྲི་ཀ་ཞེས་འབོད་པའི་ས་མིང་འདི་ཏུན་ཧོང་གཏེར་ཡིག་གི་ཤོག་དྲིལP.T.996དུ་མཐོང་ཐུབ་པར་མ་ཟད། ཁྲི་ཀའི་ཡུལ་གྱི་མོང་ཡོག་དང་ང་ཙེའི་གཙུག་ལག་ཁང་།  སྲིན་པོ་རི།  ཁྲི་ཀ་མཁར་ཞེས་པའི་ས་མིང་གལ་ཆེན་འགའ་ཡང་མཐོང་རྒྱུ་ཡོད་དོ། །

  འདིར་ཏུན་ཧོང་གཏེར་ཡིག་ཏུ་ཁྲི་ག་ཞེས་བཀོད་ཡོད་པའི་ཤོག་དྲིལ་འགའ་མདོ་ཙམ་བཀོད་ན།

  ༄།།ཐེག་པ་ཆེན་པོ་རྣམ་པར་མྱྀ་རྟོག་པར་བསྒོམ་པའི་ལས་འདྀ་། མདོར་བཏུས་ཏེ་བསྟན་པ་ཡང་། དགེ་སློང་སྤུག་ཡེ་ཤེས་དབྱངས་དང་པོ། རྒྱལ་པོ་མྱེས་ཀྱྀ་རྀང་ལ་རབ་ཏུ་བྱུང་ནས་། ཆོས་གྲར་ཆོས་བསླབས་ཏེ། དགེ་བའྀ་བཤེས་ཉེན་གྱྀ་ལུང་དང་མན་ངག་དང་། རང་གྀ་ཉམས་སུ་ལྡན་པ་ལ་བརྟེན་ནས། དགོན་པར་བྱུང་སྟེ། ལོ་ལྔ་བཅུ་ལྷག་ཅྀག་གྀ་བར་དུ་མྱྀ་གནས་མྱྀ་རྟོག་པའི་ཚུལ་དུ་བསྒོམས་པ་ལས། མྱྀ་གནས་པའྀ་དོན་ལ་ཡང་ཡྀད་ཆེས་། ངེས་པའི་དོན་གི་མདོ་སྡེ་རྣམས་ཀྱང་བརྡའ་མཇལ་ནས། དགེ་བའྀ་བཤེས་ཉེན་རྣམས་ཀྱྀ་ལུང་དང་མན་ངག་དང་། བདག་ཉྀད་སྒོམ་པ་དང་ཡང་སྟུན་ནས། རྒྱ་གར་དང། རྒྱ་དང་། བོད་ཀྱྀ་བསམ་གཏན་མཁན་ཉམས་ཅན་རྣམས་ཀྱྀ་ལུང་དང་། མན་ངག་དང་། དེ་དག་གྀ་དོན་དང་། ཐེག་པ་ཆེན་པོའི་མདོ་སྡེ་ངེས་པའྀ་དོན་དུ་གསུངས་པ་རྣམས་ཀྱྀ་ཁུངས་དང་ཡང་གཏུགས་ནས་། ཐེ་ཙོམ་དུ་ཞུས་པའི་ལེའུ་བརྒྱ་ཅུ་རྩ་བརྒྱད་དང་། མདོ་སྡེ་བརྒྱད་ཅུའྀ་ཁུངས་ནས། ཐེ་ཙོམ་ལེའུ་རེ་རེ་ལ་ཡང་། ཁུངས་མདོ་སྡེའྀ་དོན་གཉྀས་གཉྀས་གསུམ་གསུམ་གྀས་བསྟན་ཏེ། དེ་ཡང་དུས་གསུམ་གྀ་སངས་རྒྱས་ཀྱྀས་། ཐེག་པ་ཆེན་པོ་སྒོ་གཅིག་གྀས་། མྱེ་ངན་ལས་འདས་པར་གསུངས་ན། སངས་རྒྱས་ཤག་ཀྱ་ཐུབ་པ་མྱ་ངན་ལས་འདས་ནས། ལོ་ལྔ་བརྒྱའ་གསུམ་པ་ལ་དོན་དམ་པ་རོ་གཅྀག་པའྀ་ཆོས་ནྀ་མྱི་སྒོམ། ཚྀག་དང་ཡྀ་གེ་ཙམ་ལ་ཞུགས་ནས། འཐབ་ཅིང་བརྩོད་པ་སྐྱེས་ནས། སྡེ་ལྔར་གྱེས་སོ་ཞེས་འབྱུང་བས། དེ་བས་ན་། ཐེག་པ་ཆེན་པོའྀ་དོན་དམྱྀགས་སུ་མྱེད་པ། ཚུལ་གཅྀག་པའྀ་དོན་ཅྀ་ལྟ་བུ་ཡྀན་པ། དགེ་བའྀ་བཤེས་ཉེན་མང་པོའི་མན་ངག་དང་། མདོ་སྡེ་ཟབ་མོའྀ་ཁུངས་དང་གཏུགས་ནས། མ་ནོར་བར་བསྟན་པ་དེ་ཡང་། མྱྀ་རྣམ་གསུམ་ལ་ཕན་གདགས་པའྀ་ཕྱྀར། མགོ་ནས་བཞུག་དུ་དོན་རྣམ་པ་ལྔ་ཞྀག་གྀས་བསྟན་ཏེ། དེ་ཡང་ཐེག་པ་ཆེན་པོ་ཚུལ་གཅྀག་པ་དང་། ཚུལ་གཅྀག་པའྀ་རང་བཞྀན་དང་། དེ་བསྒོམ་བའྀ་ཐབས་དང་། ཚུལ་གཅྀག་པ་མ་རྟོགས་པའྀ་སྐྱོན་དང་། དེ་བསྒོམས་པའྀ་ཡོན་ཏན་དང་། དེའྀ་འབྲས་བུ་སྐུ་གསུམ་དང་། མྱ་ངན་ལས་འདས་པ་དང་ལྔ་འོ། འདིའི་དོན་ཡང་འདི་ཉམས་སུ་བླངས་ཏེ། མ་བསྒོམས་པར་ཚྀག་གྀས་མཇལ་པར་ཡང་དཀའ་སྟེ། བསྒོམས་ཏེ་ཉམས་དང་ལྡན་ན། འདྀའྀ་དོན་མ་བཤད་པར་ཡང་རང་མཇལ་པའྀ་རྀགས། འདྀ་བསྡུས་པའྀ་བསམ་གཏན་གི་མཁན་པོ་། སྤུག་ཡེ་ཤེས་དབྱངས་ལོ་བརྒྱད་ཅུ་ལོན་ཏེ། རྟ་འྀ་ལོའི་སྟོན་སླ་ར་བ་ཚེས་བརྒྱད་ལ། ཁྲྀ་ག་མོང་ཡོག་མདའ་ན། ཚྀག་ཙ་ནམ་ཀའྀ་སྙྀང་པོའྀ་དབེན་སར་། སྔ་དྲོ་མ་ཡོས་བཞྀན་དུ་ཚེ་འདས་ཏེ། སླད་ཀྱྀས་སློབ་མ་རྣམས་ཀྱིས་ང་ཙེའྀ་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤུར་ཨན་ཅུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་པའི་ཚེ། ཁྲྀ་ག་མཁར་གོང་དུ་། སྟེང་གྀ་ནམ་ཀ་ལ་སྤྲྀན་མཚོན་སྔ་ལྔ་བྱུང་བ་ཡང་། ཡུལ་མྱྀ་དང་ཕྱུགས་རྫྀ་ཐམས་ཅད་ཀྱྀས་མཐོང་། ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པ་བསྐྱལ་པའྀ་ཚེ།  སྲྀན་པོ་རྀ་འི་རྩེར་ཕྱྀན་པ་དང་། ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ། ། ། །

 

 

 

  贵德县位于青海海南藏族自治州境内,贵德在藏语中称赤嘎。赤嘎一词最早出现在敦煌古藏文文献P.T.996,另外文献中还记载མོང་ཡོག(有考证认为指今贵德县河东乡麻巴大队莫约存)ང་ཙེའི་གཙུག་ལག་ཁང་(待考证)  སྲིན་པོ་རི(森宝神山,在贵德县东边,是尖扎县和贵德县的分界线)།  ཁྲི་ཀ་མཁར(贵德城,目前因藏文文献的缺失,很多人自认为贵德城建于明朝,但汉文资料中没有明确的记载,敦煌藏文文献的发现能填补贵德城建造的历史)等重要的历史地名。

  现将明确记载赤嘎地名的敦煌古藏文文献抄录于此:

  “大乘无分别修习之道,于此摄要讲说。复次,比丘布·益西央首先在国王的祖父时期出家为僧,在寺院学法。依靠善知识之经教传承、口诀,及自己之实修,在寂静处,即50余年间,按不住、不分别之理修习。对不住之义亦生信解,对诸了义之经典亦领会。 依照诸善知识之经教传承、口诀,及自己之修习,并寻根于印度、唐朝和吐蕃的诸禅师的经教传承、口诀,此等之实义,及作为了义讲说的大乘诸经典,作《答疑问八十八品》。从《八十种经根据》中,对每一疑问品,依据经典之义,引两三种予以讲说。复次,三世佛虽言以大乘一法门得涅椠,但佛释迦能仁涅椠后,第三 个500年时,不修习胜义一味之法,而仅入于词语和文字,引发争斗辩论,遂分裂为五部云云。因此,大乘之义为无所得,而如一理之义,依照众善知识的口诀、深奥经典的依据,而作此无误讲 说,彼亦对三种人利益故。从头至尾间讲说为五义,复次大乘一理即一理之自性、一理之修习方法、不证悟一理之过失、修习一理之功德、一理之果三身即涅椠为五。此义亦需实修,未修习而以文旬相见亦难矣。若修习而具体验,则属于其义虽未言说而能自己相见之辈。摄集此 (经典 )之禅师布·益西央年80岁时,于马年孟秋 之月初八日,在赤卡门阅沟口,即策杂·南喀宁波的静修处,上午伸直中去世。复次,诸弟子在阿泽寺做福德法事后,遗体由乡人等 以幡、伞引路而送往阿琼静修处时,赤卡城上方天空中出现五彩云 朵,所有当地人和牧者所亲见。由比丘没卢·释迦等向阿琼送遗体 时,到达神宝山顶时,天空中出现五色彩云,形成云雾。达到阿琼静修处间,凡经过的山顶,其天空有五色彩云出现。

  敦煌古藏文p.t.996的汉文翻译从《敦煌藏文P.T.996号<大乘无分别修习之道>解读 》一文中抄录。特此声明!

<