བསང་ཆུ་ནས་རྙེད་པའི་མ་ལེ་རྡོ་གྱུར་མ་ཞིག་ལ་ཞིབ་འཇུག་བྱས་རྗེས།

2019-05-05
0

མཚོ་བོད་ས་མཐོར་མིའི་རིགས་བྱུང་བའི་དུས་ཚོད་ལོ་ཁྲི་16གི་གོང་དུ་གཏུགས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཟོའོ་དང་། ལན་ཀྲོའུ་སློབ་གྲྭ་ཆེན་མོ། འཇར་མན་མ་ཧྥུ་འཕེལ་འགྱུར་མིའི་རིགས་རིག་པ་ཞིབ་འཇུག་ཁང་བཅས་ཀྱི་རིག་གནས་པས་གྲུབ་པའི་ཞིབ་འཇུག་ཚོགས་པས་ཉེ་ཆར་༼རང་བྱུང་༽དུས་དེབ་ཐོག་ཞིབ་འཇུག་གྲུབ་འབྲས་སྤེལ་བའི་ནང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ནས་རྙེད་པའི་གནའ་བོའི་མིའི་མ་ལེ་རྡོ་གྱུར་ཞིག་ལ་བརྟག་དཔྱད་བྱས་པར། མ་ལེ་རྡོ་གྱུར་དེ་ད་ལྟ་ནས་བརྩིས་པའི་ལོ་ཁྲི16གི་གོང་གི་ཡིན་པ་དང་། དེ་ནི་ཞི་པོ་ལི་ཡའི་ཨར་ཐེ་རི་བོའི་ས་ཁུལ་གྱི་ཏན་ཉི་སོ་ཝ་བྲག་ཕུག་ཕུད་པའི་ས་ཆ་གཞན་ནས་རྙེད་པའི་ཏན་ཉི་སོ་ཝ་མིའི་(丹尼索瓦人)ཡན་ལག་རྡོ་འགྱུར་དང་པོ་དེ་ཡིན་ལ། མིག་སྔའི་བར་རྙེད་ཟིན་པའི་མཚོ་བོད་ས་མཐོའི་ཐོག་གི་མིའི་རིགས་བྱུང་འཕེལ་གྱི་དཔང་རྟགས་ནང་ནས་སྔ་ཤོས་དེ་ཡང་ཡིན་པ་རེད།

ཞིབ་འཇུག་ཚོགས་པའི་ཁོངས་མི། ལན་ཀྲོའུ་སློབ་གྲྭ་ཆེན་མོའི་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཏུང་ཅུད་ཀྱིས། གནའ་བོའི་མིའི་མ་ལེ་རྡོ་གྱུར་མ་དེ་ནི་མིའི་རིགས་ཀྱི་མ་ལེའི་གཡས་ངོས་ཀྱི་ཕྱེད་ཀ་ཡིན་པ་དང་། དེའི་ཐོག་འགྲམ་སོ་གཉིས་ལྷག་ཡོད་ཅིང་། དེ་ཏན་ཉི་སོ་ཝ་མིའི་ཡིན་པའི་ཚོད་དཔག་བྱས་ཡོད། དེ་ནི་ང་ཚོས་གནའ་བོའི་སྤྲི་དཀར་གྱི་མཇུག་འབྲས་ལ་གཞིགས་ནས་ཐག་བཅད་པ་ཞིག་ཡིན་ཞེས་གསུངས་འདུག

ཞིབ་འཇུག་དེས་དེང་གི་བོད་རིགས་དང་ཤར་པ་བ་སོགས་ས་མཐོའི་མི་ཚོགས་རྣམས་ས་བབ་མཐོ་སར་འཕྲོད་པའི་གཞི་རྒྱུར་རང་སའི་འབྱུང་ཁུངས་རྙེད་པར་གྱུར་ཡོད། དེ་ནི་སྔར་ཨར་ཐེ་རི་བོའི་རྒྱུད་ནས་མ་གཏོགས་རྙེད་མེད་པའི་ཏན་ཉི་སོ་ཝའི་བྲག་ཕུག་གི་ཏན་ཉི་སོ་ཝ་མི་གནའ་སྔ་མོའི་དུས་སུ་ཨ་ཤེ་ཡའི་ཤར་ཁུལ་དུ་རྒྱ་ཁྱབ་ངང་གནས་པའི་ཚོད་དཔག་ལ་ཐེངས་དང་པོར་གནའ་དཔྱད་རིག་པའི་ཐོག་ནས་ར་སྤྲོད་ཐུབ་པ་ཞིག་རེད།


  • 顶 0