འབྲི་ཆུའི་ཆུ་འགོའི་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་འབོར་ཆེན་རྙེད་པ།

2018-06-06

 

  མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། ཁྲི་འདུ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་རྫོང་དེའི་ཁྲི་དབང་གྲོང་རྡལ་པད་ལུང་གྲོང་ཚོ་ནས་གནའ་བོའི་བྲག་བརྐོས་རི་མོའི་ཚོམ་བུ་143རྙེད་པའི་ནང་། སྔ་ཤོས་དེར་ད་བར་ལོ་2000ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད། 

        ཟླ་5པའི་ཟླ་འགོར། པད་ལུང་གྲོང་ཚོའི་མང་ཚོགས་ཚོས་གྲོང་ཚོ་དེ་གའི་ཁ་བ་དང་སྤུ་རི་ས་ཆ་གཉིས་སུ་གནའ་ཉམས་དོད་པའི་རི་མོ་བརྐོས་པའི་རྡོ་ལེབ་མང་པོ་མཐོང་བས་འཕྲལ་མར་གོང་རིམ་ལ་སྙན་སེང་ཞུས་པ་རེད། ཁྲི་འདུ་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་གནས་དེར་འབྱོར་རྗེས། རྡོ་ལེབ་དེ་དག་ལ་བརྐོས་པ་ནི་གནའ་བོའི་བྲག་བརྐོས་རི་མོ་ཡིན་པ་དང་། ཁྱོན་རི་མོ་609ཡོད་པ་དེ་དག་བྲག་བརྐོས་རི་མོའི་ཚོམ་བུ་143ལ་དབྱེ་ཆོག་པ། རི་མོ་དེ་དག་གི་ཁོངས་སུ་སྲོག་ཆགས་དང་། མི་སྣ། རང་བྱུང་། སྐར་ཚོམ་ཨ་སྔོན་སོགས་ཚུད་ཡོད་པའི་གཏན་འཁེལ་རགས་ཙམ་བྱས། 

        ཁྲི་འདུ་རྫོང་ནི་འབྲི་ཆུའི་ཆུ་འགོ་འབབ་རྒྱུད་དུ་གནས་ཤིང་། གནའ་རབས་ཀྱི་ཆའང་རིགས་ཁུལ་གྱི་མེས་པོ་འཚོ་སྡོད་ཅུང་མང་བའི་ས་ཆའི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་རྫོང་དེའི་སྒ་སྟོད་དང་། ལབ། ཁྲི་དབང་སོགས་ཤང་གྲོང་དུ་སྔ་རྗེས་སུ་གནའ་བོའི་བྲག་བརྐོས་རི་མོ་མང་པོ་ཞིག་ཐོན་པས། ཞིབ་འཇུག་མི་སྣས་ཡུལ་དེ་གའི་སྔ་དུས་མིའི་རིགས་བྱེད་སྒོ་སྤེལ་སྟངས་ཤེས་རྟོགས་དང་འཚོལ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  

 

 

<