ལོ་རྒྱུས་སྙན་ངག་༼གླིང་སྒྲུང་༽ཆུ་ཚོད༦༠༠༠ཙམ་སྒྲ་འཇུག་བྱས།

2016-07-22
0

     དུས་ཡུན་རིང་པོའི་ནང་གླིང་སྒྲུང་གི་རིག་གནས་སྲུང་སྐྱོང་ལ་བློ་རྩེ་གཅིག་ཏུ་གཞོལ་བའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་འགན་འཁུར་བ་ཚེ་རིང་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་དོན། དུས་རབས་གོང་མའི་ལོ་རབས་༨༠པ་ནས་བཟུང་བོད་ཀྱིས་གླིང་སྒྲུང་གི་སྒྲུང་པ་འཚོལ་བ་དང་ཆབས་ཅིག་སྒྲ་འཇུག་ལེགས་སྒྲིག་བྱེད་འགོ་ཚུགས་ཡོད། མིག་སྔའི་བར་སྒྲུང་པ་བསམ་གྲུབ་དང་གྲགས་པ་སོགས་ཚུད་པའི་ཕུལ་བྱུང་སྒྲུང་པ་༡༠ལྷག་ཙམ་གྱིས༼གླིང་སྒྲུང་༽ཆུ་ཚོད་༦༠༠༠ཙམ་ཕབ་འཇུག་བྱས།

  གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། དུས་རབས་གོང་མའི་ལོ་རབས་༨༠པ་ནས་འགོ་བཙུགས་ཏེ་བོད་ཀྱིས་ད་དུང༼གླིང་སྒྲུང་༽གི་དམངས་ཁྲོད་ལག་བཤུས་དེབ་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་རིམ་བཞིན་སྤེལ་ཡོད། མིག་སྔར་སྒྲུང་དེབ་༣༣དངོས་སུ་དཔེ་སྐྲུན་བྱས་པ་དང་། དུས་རབས་འདིའི་དུས་འགོ་ནས་བཟུང་བོད་ཀྱིས་སྒྲུང་པས་བཤདཔའི་སྒྲུང་གཙོ་གནད་ཐོག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། མིག་སྔའི་བར་སྒྲུང་པ་རྒན་གྲས་བསམ་གྲུབ་ཀྱི་༼གླིང་སྒྲུང༽དེབ་ཁག་༤༥དང་དམངས་ཁྲོད་སྒྲུང་པ་གཞན་དག་གིས་ཁེར་རྐྱང་དུ་བཤད་པའི་༼གླིང་སྒྲུང༽ཁག་༡༠དཔེ་སྐྲུན་བྱས།  

དུས་ཡུན་རིང་པོའི་ནང་རང་རྒྱལ་སྲིད་གཞུང་གིས་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས༼གླིང་སྒྲུང་༽སྲུང་སྐྱོང་དང་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ད་བར་སྒྲུང་པས་བཤད་པའི་སྒྲུང་དེ་སྒྲ་ཕབ་སྤྱིན་ཤོག་ནང་ཆུ་ཚོད༦༠༠༠ཙམ་ཕབ་འཇུག་བྱས་ཤིང་། དེའི་ནང་སྒྲུང་པ་༡༠ལྷག་ཙམ་དང་བརྩམས་ཆོས་ཁག་༡༠༠ལྷག་ཙམ་ཚུད་ཡོད་པ་དང་། ༼གླིང་སྒྲུང་༽གི་དམངས་ཁྲོད་བྲིས་མ་ཁག་༣༣དང་སྒྲུང་པའི་སྒྲུང་དེབ་ཁག་༥༥དཔེ་སྐྲུན་བྱས།
  • 顶 0