རབ་གསལ་ཨང་དགུ་པ་རྟགས་ཅན་གྱི་སྲུང་སྐར་02འཕེན་གཏོང་ལམ་ལྷོངས་བྱུང་བ།

2020-10-26
0

  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་གྱི་ཆུ་ཚོད་16དང་སྐར་མ་53ལ་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ་རབ་གསལ་ཨང་དགུ་པ་རྟགས་ཅན་གྱི་སྲུང་སྐར་02དང་ཧོ་ཏེ་ཨང་བཞི་པ་རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བཏང་ནས་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

    རབ་གསལ་ཨང་དགུ་པ་རྟགས་ཅན་གྱི་སྲུང་སྐར་02ནི་འོད་རིག་པའི་རྒྱང་ཚོར་སྲུང་སྐར་ཞིག་ཡིན་པ་དང་། ས་ངོས་ཀྱི་པར་གཞི་གསལ་ཚད་མཐོ་ཤོས་ལ་སྨི་གཅིག་ལས་ཆུང་བའི་རིམ་པར་སླེབས་ཀྱི་ཡོད་ཅིང་། གཙོ་བོ་རྒྱལ་ཁབ་ས་ཆ་ཡོངས་ཁྱབ་ཞིབ་བཤེར་དང་། གྲོང་ཁྱེར་འཆར་འགོད། ས་ཞིང་གི་དབང་ཆ་གཏན་འཁེལ། ལམ་དྲ་ཇུས་འགོད། ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་ཚོད་རྩིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ཁྱབ་ཁོངས་ཐད་སྤྱོད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ལའང་ཆ་འཕྲིན་གྱི་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། འཕེན་གཏོང་བྱས་པའི་ཧོ་ཏེ་ཨང་བཞི་པ་རྟགས་ཅན་གྱི་སྲུང་སྐར་ནི་པེ་ཅིང་ཧོ་ཏེ་འཇིག་རྟེན་འཕུར་སྐྱོད་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པ་དང་དེས་འཁོར་ལམ་ཐོག་ནས་གོ་ལ་ཧྲིལ་པོའི་གྲུ་གཟིངས་ཀྱི་འགྲུལ་བཞུད་གནས་ཚུལ་བསྡུ་རུབ་དང་། གོ་ལ་ཧྲིལ་པོའི་གནམ་གྲུ་འཕུར་སྐྱོད་གནས་ཚུལ་བསྡུ་རུབ། གོ་ལ་ཧྲིལ་པོའི་ཟོག་སྦྲེལ་དྲ་རྒྱའི་ཆ་འཕྲིན་བསྡུ་རུབ་བཅས་བྱེད་ཐུབ་ཀྱི་ཡོད་པ་རེད། 
   ད་རེས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་ཐེངས་333པ་དེ་ཡིན་པ་རེད།


  • 顶 0