བོད་ཀྱི་5Gདྲ་བའི་སྐོར་གྱི་འཕྲིན་གསར་ཞིག

2020-04-22
0


5Gནི་རབས་ལྔ་བའི་སྤོ་སྒུལ་འཕྲིན་གཏོང་ལས་མྱུར་བ་དང་བོངས་ཆེ་བ།  དུས་འགྱངས་མི་བྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས།   དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་།  མ་འོངས་པར་འགྲན་རྩོད་ལེགས་ཆ་བསྐྲུན་པའི་སྒུལ་བྱེད་འཕྲུལ་འཁོར་ཅིག་ཡིན། 

 ཚེས་༡༢ཉིན་གསར་འགོད་པས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུད་ལས་རྒྱུས་ལོན་བྱུང་བ་ལྟར་ན།   ལག་རྩལ་གསར་པར་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གྱི་གོ་སྐབས་དམ་འཛིན་བྱ་ཆེད་དང་།   5Gདྲ་བའི་འཛུགས་སྐྲུན་དང་བེད་སྤྱོད་གོང་འཕེལ་ཤུགས་ཆེན་དུ་བཏང་སྟེ།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྐུལ་ཤུགས་གསར་པར་ཤུགས་བརྒྱབ་ནས། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་རིང་གོང་འཕེལ་དང་བདེ་བཀོད་ཡོང་བར་སྐུལ་འདེད་གཏང་དགོས།  ༢༠༢༠ལོར་རང་ལྗོངས་ཀྱིས་ས་ཁུལ་༧༼གྲོང་ཁྱེར༽སྲིད་འཛིན་ཀུང་ཧྲུའུ་༼མི་དམངས་སྲིད་གཞུང༽ཡོད་སར་5Gདྲ་བ་ཁེབས་རྒྱུ་དང་། ༢༠༢༡ལོར་མུ་མཐུད་འཐུས་ཚང་དུ་བཏང་སྟེ།   གྲོང་ཁྱེར་གཙོ་བོ་དང་གཙོ་གནད་ས་ཁུལ་སུ་5Gདྲ་བས་ཁེབས་པར་བྱས་ཏེ།  ཐད་དཔྱང་ལས་རིགས་༥ཡན་གྱིས་དཔེར་མཚོན་བེད་སྤྱོད་བྱེད་པར་སྐུལ་འདེད་གཏང་རྒྱུ་ཡིན་པ་དང་།  ༢༠༢༢ལོར་གྲོང་ཁྱེར་དང་ས་ཁོངས་གཙོ་བོར་5Gདྲ་བ་རྒྱུན་མཐུད་དེ་ཁེབས་པར་བྱས་ནས། ཐད་དཔྱང་ལས་རིགས་༡༡ཡན་ལ་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ།  5Gདྲ་བའི་བེད་སྤྱོད་གཏོང་ས་དང་ཁྱབ་ཁོངས་མུ་མཐུད་རྒྱ་སྐྱེད་གཏང་རྒྱུ་རེད།  །


  • 顶 0