བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕྲན་ཚེགས་ཁེ་ལས་སྐྱེད་སྲིང་བྱས་པ།

2020-04-21
0

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལས་གཏོད་གསར་གཏོད་རྟེན་གཞིས“ཚན་རྩལ་ལ་བརྟེན་ནས་གསར་གཏོད་མཚོན་པ་དང་། གསར་གཏོད་ལ་བརྟེན་ནས་རིག་གནས་གསལ་འགྲེལ་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལྷ་སའི་ཕྲན་ཚེགས་ཁེ་ལས་སྐྱེད་སྲིང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལས་གཏོད་གསར་གཏོད་རྟེན་གཞི་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དོ་དམ་ཨུ་ལྷན་གྱིས་མངགས་བཅོལ་གཉེར་སྐྱོང་བྱེད་ཀྱི་ཡོད་ཅིང་དེར་ཁེར་རྐྱང་གི་གཞུང་དོན་ཁུལ་དང་། སྤྱི་པའི་ཚོགས་ཁང་། གཉེར་སྐྱོང་ཞབས་ཞུ་ལྟེ་གནས་བཅས་ལྡན་པ་དང་། ཆེད་ལས་མཛུབ་ཁྲིད་དགེ་རྒན་གྱི་ཚོགས་པ་དང་། གཉེར་སྐྱོང་ཚོགས་པ། བར་ཁེའི་ཚོགས་པ་བཅས་ཀྱིས་རྟེན་གཞིའི་ལས་རྣམ་ཁག་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། མིག་སྔར། རྟེན་གཞིར་བཅའ་སྡོད་བྱས་པའི་ཕྲན་ཚེགས་ཁེ་ལས་30ལས་བརྒལ་ཡོད་པ་དེ་གློག་བརྙན་བརྙན་འཕྲིན་དང་། VR ཁོར་ཡུག་སྲུང་སྐྱོང་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས། པར་ལེན། འཆར་འགོད། མི་རིགས་འཁྲབ་སྟོན། བོད་ཡིག་ཡིག་སྒྱུར། མི་རིགས་ཀྱི་རོལ་དབྱངས་བཟོ་བ། བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁྲིད་སྦྱོང་རྟེན་གཞི་སོགས་ཚང་མ་གླིང་གི་བོད་ཀྱི་རིག་གནས་དང་། ཡུལ་སྐོར། ཚན་རྩལ། གསར་གཏོད་བཅས་ཀྱི་ནུས་པའི་ངེས་གནས་དང་འཚམ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞིས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་ལས་སྟེགས་ནུས་ཤུཌ་ཡོད་རྒུས་གཏོད་པ་དང་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་ཁྲོམ་རའི་འཚོང་ལམ་བཏོད་ཡོད། བོད་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་སྤེལ་གྱི་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་གྲགས་ཅན་གྱི་སྒྱུ་རྩལ་མཁས་ཅན་གདན་དྲངས་ནས་རྟེན་གཞིའི་ཁེ་ལས་དང་དེ་བཞིན་སློབ་གྲྭ་ཆེ་མོ་བར་སློབ་ཁྲིད་བྱས་ཡོད། ཆ་འཕྲིན་ཅན་གྱི་མཉམ་སྤྱོད་ལས་སྟེགས་བཙུགས་ནས་ARཡི་ལག་རྩལ་ལ་བརྟེན་ཏེ་བོད་ཡིག་པར་གཞིའི་APPཞིབ་སྤེལ་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཡོད། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དམིཌ་ཏེ་རྟེན་གཞིས་ཆེད་མངགས་རྣམ་གྲངས་རྒྱབ་སྐྱོར་མ་དངུལ་མཁོ་འདོན་བྱས་ནས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག་རྟེན་གཞིར་རིན་མེད་ངང་གཞུང་ལས་སྒྲུབ་ཡུལ་རག་ཐུབ་པ་དང་སྦྲཌ། རྟེན་གཞིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་དང་དེ་བཞིན་བློ་འདྲིའི་ཞབས་ཞུ་ཁག་ནང་རིན་མེད་ངང་ཞུཌ་ཆོག་གི་ཡོད་པ་རེད།


  • 顶 0