འགན་བཅོལ་ལེན་མི།

2020-01-19
0

དེ་ལ་ཁག་ཐེག་མཁན་ཡང་ཟེར། དེ་ནི་མིས་གན་རྒྱ་འཇོག་སྐབས་གན་རྒྱ་འཇོག་མཁན་ཕན་ཚུན་བར་དངུལ་སྤྲོད་ཐད་ནས་སྤྱོད་ལམ་ཚུལ་མཐུན་ཡོང་བ་དང་དངུལ་བུན་ཕྱིར་སྤྲོད་ལ་ཁག་ཐེག་བྱེད་པའམ་ཡིད་རྟོན་བྱེད་མཁན་གྱི་མི་དེའོ། །

   འགན་བཅོལ་ལེན་མི་ལ་ཁག་ཐེག་མཁན་ཡང་ཟེར། དེ་ནི་མིས་གན་རྒྱ་འཇོག་སྐབས་གན་རྒྱ་འཇོག་མཁན་ཕན་ཚུན་བར་དངུལ་སྤྲོད་ཐད་ནས་སྤྱོད་ལམ་ཚུལ་མཐུན་ཡོང་བ་དང་དངུལ་བུན་ཕྱིར་སྤྲོད་ལ་ཁག་ཐེག་བྱེད་པའམ་ཡིད་རྟོན་བྱེད་མཁན་གྱི་མི་དེའོ། །

 རྒྱས་འགྲེལ།

ཁག་ཐེག་མཁན་བྱེད་མཁན་གྱི་ཁེ་དབང་ནི་ལས་གཉེར་ཁག་ཐེག་བྱེད་སྒོའི་ཁྲོད་འགན་བཅོལ་གྲོན་དངུལ་བསྡུ་རྒྱུ་དེ་ཡིན་ལ། ཁག་ཐེག་བྱེད་མཁན་གྱི་འོས་འགན་ནི་ཁག་ཐེག་བྱས་པའི་ལས་གཉེར་ལ་ཆག་སྒོ་བྱུང་ཚེ། གན་རྒྱའི་ཁ་ཆེམས་ལྟར་གྱོང་གུད་ཐེབས་པའི་དངུལ་བུན་གྱི་སྐྱིན་ཚབ་སྤྲོད་རྒྱུ་དང་དུས་བཅད་ལྟར་སྐྱི་བདག་ལ་དངུལ་བུན་ཁ་ཚང་སྤྲོད་རྒྱུ་དེའོ། །

ཁག་ཐེག་མཁན་གྱིས་ངེས་པར་དུ་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་ཞིབ་དཔྱོད་བྱས་ནས་ཆོག་མཆན་ཐོབ་པའི་གནས་ཚུལ་བརྒྱུད་ལས་གཉེར་བྱེད་སྒོ་བསྒྲུབ་དགོས་པ་དང་། ཁག་ཐེག་ལས་གཉེར་གྱི་བྱ་བ་ནི་དུད་ཚང་ཁྲི་སྟོང་མང་པོའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་ཕྱིར་སྲིད་གཞུང་ནས་ཁག་ཐེག་མཁན་གྱི་ཐོབ་ཐང་ལ་ནན་ཏན་གྱིས་ཞིབ་བཤེར་བྱེད་བགྱིས་ཡོད། ལས་གཉེར་ཁག་ཐེག་བྱེད་མཁན་ལ་ངེས་པར་དུ་གྲངས་ཚད་ངེས་ཅན་གྱི་མ་དངུལ་འབོར་ཆེན་ཡོད་དགོས་པ་དང་། འགན་ཁུར་མཁན་ལ་སྐྱི་དངུལ་སྤྲོད་པའི་ནུས་པ་ལྡན་དགོས་ལ།  མ་མཐའ་ཡང་རྒྱལ་ཁབ་ཀྱིས་སྤྲད་པའི་མི་སྒེར་གྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཞིག་ཡིན་དགོས་ལས་གཞན། སྤྱིར་བཏང་དུ་ཁག་ཐེག་བྱེད་མི་ཚང་མ་ཁྲིམས་མི་ཡིན་དགོས། ཁག་ཐེག་མཁན་གྱི་བྱེ་བྲག་གི་རྣམ་པ་ལ་གཙོ་བོ་ཁག་ཐེག་མ་རྐང་ཚད་ཡོད་ཀུང་སི་དང་། ཕན་ཚུན་ཁག་ཐེག་ལས་གྲྭ། ཁག་ཐེག་མཉམ་ལས་ཁང་། རྒྱལ་གཉེར་ཁག་ཐེག་ལས་གྲྭ་དང་། ཆེད་གཉེར་རང་སྲུང་ཐུན་གཉེར་ཁང་སོགས་ཡོད།





  • 顶 0