བརྡ་ཁྱབ་ཀུང་ཟི།

2020-01-19
0

བརྡ་ཁྱབ་ཀུང་ཟི་ནི་ཆེད་དུ་བརྡ་ཁྱབ་ལས་རིགས་ཀྱི་བྱེད་སྒོ་གཙོ་བོ་གཉེར་བའི་ཁེ་ལས་ལ་གོ་ཞིང་། དེ་ནི་བརྡ་ཁྱབ་ལས་ཚབ་ཀུང་ཟི་ཡི་ཐ་སྙད་ཕལ་བའི་འབོད་སྟངས་ཤིག་ཡིན།

   ཚགས་པར་ཁྱབ་སྤེལ་ལས་རིགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཡོ་རབ་གླིང་དང་མེ་གླིང་སོགས་སུ་སྔ་དུས་ནས་བརྡ་ཁྱབ་ཀུང་ཟིའི་རྣམ་པ་བྱུང་ཡོད།  དུས་རབས་བཅུ་དགུ་པའི་དུས་མཇུག་ནས་དུས་རབས་ཉི་ཤུ་པའི་དུས་མགོར།  བརྡ་ཁྱབ་ཀུང་ཟི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་།  ཀུང་ཟིའི་གྲངས་ཀ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།  ཞབས་ཞུའི་ནུས་པ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་ཞབས་ཞུའི་ཁྱབ་ཁོངས་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད།  བརྡ་ཁྱབ་ཀུང་ཟི་ནི་རྒྱལ་ནང་ནས་ཕྱི་རྒྱལ་དུ་འཕེལ་རྒྱས་སུ་འགྲོ་བ་ཡིན།  དེང་སྐབས་ཀྱི་འཛམ་གླིང་ཐོག་གྲོང་ཁྱེར་ཆེན་པོ་གསུམ་ནི་འཛམ་གླིང་གི་བརྡ་ཁྱབ་ཀུང་ཟིའི་ལྟེ་གནས་སུ་གྱུར་ཡོད།  དེ་དག་ནི་ཉིའུ་ཡུའེ་དང་ཐོ་ཁེའོ། ལོན་ཏོན་གསུམ་ཡིན།  ལོ་རེར་ཨ་སྒོར་དུང་ཕྱུར་བརྒྱ་ལྷག་གི་བརྡ་ཁྱབ་ནི་གྲོང་ཁྱེར་འདི་གསུམ་ནས་བྱུང་བ་ཡིན།  ཉིའུ་ཡུའེ་ནི་བརྡ་ཁྱབ་ལས་རིགས་ཀྱི་འབྱུང་གནས་དང་ལྟེ་གནས་གྲོང་ཁྱེར་ཡིན་ཞིང་།  དེ་ན་བརྡ་ཁྱབ་ཀུང་ཟི་མང་པོ་ཡོད།  འཛམ་གླིང་བརྡ་ཁྱབ་ལས་རིགས་རྩ་འཛུགས་ཏེ་རྒྱལ་སྤྱིའི་བརྡ་ཁྱབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནི་ཉིའུ་ཡུའེ་ན་ཡོད། 

 རྣམ་པ།

   བརྡ་ཁྱབ་ཀུང་ཟིའི་རྣམ་པ་ལ་ཕྱོགས་ཡོངས་ཀྱི་ཞབས་ཞུའི་རྣམ་པ་ཅན་དང་ཚད་ཡོད་ཞབས་ཞུའི་རྣམ་པ་ཅན།  བརྡ་ཁྱབ་ལས་ཚབ་ཀུང་ཟི།  བརྡ་ཁྱབ་བཟོ་སྐྲུན་ཁང་། ནང་ཁུལ་གྱི་བརྡ་ཁྱབ་ཀུང་ཟི། བརྡ་ཁྱབ་ཚོང་རྟགས་ཐོ་འགོད་སོགས་ཡོད། 

 ནུས་པ།

གཅིག  བརྡ་ཁྱབ་ཚོང་འགྲུལ་པར་བརྡ་ཁྱབ་ཇུས་འགོད་ལས་ཚབ་བྱེད་པ།

གཉིས།  བརྡ་ཁྱབ་ཚོང་འགྲུལ་པར་བརྡ་ཁྱབ་བཟོ་སྐྲུན་བྱེད་པ།

གསུམ།  བརྡ་ཁྱབ་ཚོང་འགྲུལ་པར་བརྡ་ཁྱབ་དྲིལ་བསྒྲགས་བྱེད་པ། 

བཞི།  བརྡ་ཁྱབ་ཚོང་འགྲུལ་པར་བརྡ་ཁྱབ་ཆ་འཕྲིན་ལྡོག་འདྲེན་བྱེད་པ་དང་བརྡ་ཁྱབ་ཕན་འབྲས་ལ་དཔྱད་འཇོག་བྱེད་པ། 

ལྔ།  ཚོང་འགྲུལ་པར་བློ་འདོན་ཞབས་འདེགས་འདོན་སྤྲོད་བྱེད་པ། 

དྲུག   བརྡ་ཁྱབ་ལས་རིགས་ཀྱི་ཆུ་ཚད་ལ་ཤུགས་རྐྱེན་ཐེབས་པ་སོགས་ཡིན།

 བདག་གཉེར་རྩ་དོན།

བདག་གཉེར་རྩ་དོན་ནང་བཅའ་ཁྲིམས་ལ་བརྟེན་ནས་བདག་གཉེར་བྱེད་པ་དང་ཡོན་ཏན་ཅན་ལ་བསྟེན་ནས་བདག་གཉེར་བྱེད་པ།  ཆ་རྐྱེན་ལེགས་པོའི་སྒོ་ནས་བདག་གཉེར་བྱེད་པ།   ལས་སྒོ་འགལ་རྐྱེན་མ་ཡིན་པ་བཅས་འདུ། 



  • 顶 0