ལྟོས་དང་། སྐྱིད་ཆུའི་ཐོག་གི་ཟམ་ཆེན།

2019-12-02
0

    འདི་ནི་མཚོ་བོད་ལྕགས་ལམ་གྱི་སྐྱིད་ཆུའི་ཟམ་ཆེན་ཡིན་པ།

    ལྷ་སའི་སྐྱིད་ཆུ་ནི་བོད་ཀྱི་ལྷོ་དབུས་རྒྱུད་དུ་གནས་ཤིང་། གཉན་ཆེན་ཐང་ལྷའི་རི་རྒྱུད་དཀྱིལ་ཕྱོགས་ཀྱི་བྱང་ངོས་ནས་བབས་པ་དང་། མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་ཆུས་བརྒྱུད་ནས་མཐར་ལྷ་ས་གྲོང་ཁྱེར་གྱི་ལྷོ་འདབས་ནས་ཡར་ཀླུང་གཙང་པོར་འདྲེས་ཡོད།

    འདི་ནི་ལྷ་ས་སྣེའུ་ཤར་ཟམ་ཆེན་ཡིན་པ།

    ལོ་མང་པོའི་གོང་། སྐྱིད་ཆུ་སྒྲོལ་སྐབས་མི་རྣམས་ཀྱིས་ཤན་ཁ་གྲུ་ཁའི་དྲན་གསོའི་རྡོ་རིང་བརྒྱུད་ནས་ཀོ་གྲུའམ་ཡང་ན་ཤིང་གྲུར་བསྡད་ནས་ཆུ་བོའི་ཕ་རོལ་གྱི་རྔ་ཆེན་ཤང་དང་ལྷ་ས་གྲོང་ཁུལ་དུ་སྐྱོད་ཀྱི་ཡོད་ཅིང་། ཕར་ཚུར་ལ་ཆུ་ཚོད་གཅིག་ལྷག་འགོར་གྱི་ཡོད། 1965ལོར་ལྷ་ས་ཟམ་ཆེན་བརྒྱབ་རྗེས་དེ་ནི་ཁྲོན་བོད་ལམ་ཐིག་གི་འགྲུལ་ལམ་གཙོ་བོར་གྱུར་པ་དང་། ཚལ་གུང་ཐང་ཤང་དུ་སྐྱོད་པའི་འགྲོ་ལམ་ཡང་སྔར་བས་སྟབས་བདེར་ཕྱིན་པ་རེད།

    འདི་ནི་ལྷ་ས་སྣེའུ་ཟམ་ཆེན་ཡིན་པ།

    ད་ཆ་ལྷ་ས་སྐྱིད་ཆུའི་འགྲམ་དུ་འཆམ་འཆམ་ལ་འགྲོ་བ་དང་། ཡང་ན་མོ་ཊ་བཏང་ནས་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་མྱུར་ལམ་དུ་བསྐྱོད་ཚེ། ཁྱེད་ཀྱིས་སྐྱིད་ཆུའི་ཐོག་ཟམ་པ་བདུན་བརྒྱབ་ཡོད་པ་མཐོང་ཐུབ། དེ་དག་བཟོ་ལྟ་སྣ་མིན་སྣ་ཚོགས་དང་མཚར་སྡུག་ལྡན་པ་མ་ཟད། ཟམ་པ་རེ་རེས་ཕྱོགས་བཞི་ལྷན་དུ་སྦྲེལ་ནས་རེ་བས་ཁེངས་ཡོད་པ་རེད།

    

 འདི་ནི་རྔ་ཆེན་ཟམ་ཆེན་ཡིན་པ།

    འདི་ནི་གཉེན་བསུའི་ཟམ་ཆེན་ཡིན་པ།



  • 顶 0