སྨན་གླིང་རྫོང་གི་བོད་སྨན་སྨན་རྒྱུ་འདེབས་འཛུགས་ཀྱི་གཞི་ཁྱོན་རིམ་བཞིན་ཆགས་པ།

2019-12-02
0

    ཉེ་བའི་ལོ་ཤས་རིང་། ནགས་ཁྲོད་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་མགྱོགས་པོ་བྱ་ཆེད། སྨན་གླིང་རྫོང་གིས་ནགས་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་རང་བཞིན་གྱི་སྣེ་ཁྲིད་འོག སྣ་མང་ཅན་གྱི་གཉེར་སྐྱོང་བྱེད་འགོ་བཙུགས་ཏེ་བོད་སྨན་སྨན་རྒྱུ་འདེབས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། བོད་སྨན་སྨན་རྒྱུའི་འདེབས་འཛུགས་རྟེན་གཞི་བདེ་བླག་ངང་བཙུགས་པས་བོད་སྨན་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། འཕེལ་རྒྱས་མགྱོགས་མྱུར་བཏང་བ་བརྒྱུད་སྨན་གླིང་རྫོང་གི་བོད་སྨན་སྨན་རྒྱུ་འདེབས་འཛུགས་ལས་དོན་ལ་ཚོད་ལྟའི་རྟེན་གཞིར་འདེབས་པ་ནས་ཞིང་ནང་དུ་འདེབས་པ་དང་། གཞི་ཁྱོན་ཆུང་བའི་ཚོད་འདེབས་ནས་གཅིག་སྡུད་ཡུག་འབྲེལ་ཕྱོགས་སུ་ཁྱབ་གདལ་བཏང་བ། འདེབས་འཛུགས་ས་བོན་སྣ་མང་ཅན་གྱི་ཚོད་འདེབས་ནས་གདམ་གསེས་རང་བཞིན་གྱི་གཙོ་གནད་ཁྱབ་གདལ་བཏང་བ། འདེབས་འཛུགས་བྱེད་པོ་ཞིང་ལས་ལག་རྩལ་པས་ཚོད་འདེབས་གཙོ་བོར་བྱེད་པ་ནས་ཚོད་འདེབས་དུད་ཚང་ཆེ་མོ་དང་། མཉམ་ལས་ཁང་། ཁེ་ལས། དེ་བཞིན་གྲོང་ཚོའི་མཉམ་སྡེབ་བཅས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་འདེབས་འཛུགས་བྱེད་ཀྱི་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་བོད་སྨན་སྨན་རྒྱུའི་འདེབས་འཛུགས་གཞི་ཁྱོན་མུའུ་1306ཟིན་པ་དང་། མ་དངུལ་སྒོར་ཁྲི་2107བཏང་སྟེ་ཀོ་ཤ་དང་། སྡོང་ཕུང་། ཁམ་དཀར། རུ་རྟ་སོགས་ཚུད་པའི་སོན་བཟང་འདེབས་འཛུགས་བྱེད་ཀྱི་ཡོད།


  • 顶 0