ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རྒྱལ་སྤྱིའི་རི་འཛེག་ཕྱོགས་ཐོན་ལུས་རྩལ་གྱི་གླེང་སྟེགས་འཚོགས་པ།

2019-12-02
0

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་11ཚེས་29ཉིན། 2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རྒྱལ་སྤྱིའི་རི་འཛེག་ཕྱོགས་ཐོན་ལུས་རྩལ་གྱི་གླེང་སྟེགས་སྐབས་དང་པོ་ཀོང་ཀྲོའུ་རུ་འཚོགས་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་གླེང་སྟེགས་ཐོག་བརྗོད་དོན། བོད་ཀྱི་ལུས་རྩལ་ཐོན་ལས་ཀྱིས་མེ་ཏོག་རྫོང་མཚོན་བྱེད་དུ་བྱས་པའི་ས་བབ་མཐོ་ཚད་སྨི་1000ཙམ་ཡོད་པའི་ཚ་ཁུལ་གྱི་ཕྱོགས་ཐོན་ལུས་རྩལ་ཁུལ་དང་། ཡིད་འོང་མཚོན་བྱེད་དུ་བྱས་པའི་ས་བབ་མཐོ་ཚད་སྨི་2000ཙམ་ཡོད་པའི་ཚ་ཁུལ་ས་མཐོའི་ཕྱོགས་ཐོན་ལུས་རྩལ་ཁུལ། རྡོ་གཞོང་ལ་མཚོན་བྱེད་དུ་བྱས་པའི་ས་བབ་མཐོ་ཚད་སྨི་3000ནས་4000བར་གྱི་ས་མཐོའི་རི་ཁུལ་གྱི་ཕྱོགས་ཐོན་ལུས་སྦྱོང་ཁུལ། ཡངས་པ་ཅན་དང་དིང་རི་སོགས་མཚོན་བྱེད་དུ་བྱས་པའི་ས་བབ་མཐོ་ཚད་སྨི་5000ནས་8000ཡན་གྱི་ས་བབ་མཐོ་བའི་རི་རྩེའི་ཕྱོགས་ཐོན་ལུས་རྩལ་ཁུལ་བཅས་རྒྱུན་མཐུད་ངང་བཙུགས་པ་དང་། ས་བབ་རིམ་པ་བཞིན་མཐོ་རུ་གཏོང་བའི་ཁྱད་ཆོས་དང་རང་བྱུང་ས་དབྱིབས་ཆགས་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས། ཕྱོགས་ཐོན་སྦྱོང་བརྡར་དང་ཐོན་ལས་རྟེན་གཞི་ཁག་གཅིག་བསྐྲུན་ཏེ། ཉེ་འཁོར་གྱི་རང་བྱུང་ཐོན་ཁུངས་ལུས་རྩལ་ཡུལ་སྐོར་ཐོན་ལས་ཕྱོགས་སུ་སྒོ་དབྱེ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    2020ལོར་བོད་ཀྱིས་ཇོ་མོ་གླང་མ་དང་ཤི་ཤ་སྦང་མ་སོགས་ས་བབ་མཐོ་བའི་རི་འཛེག་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་དང་ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་གངས་ཤུད་རི་འཛེག་གི་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་སོགས་འཚོག་རྒྱུ་རེད།


  • 顶 0