ནོར་སྲིད་འགྲོ་སྒོ།

2019-10-15
0

ནོར་སྲིད་འགྲོ་སྒོ(Public finance expenditure) ནི་རྒྱལ་ཁབ་ཀྱིས་འགན་ནུས་སྣ་ཚོགས་མངོན་འགྱུར་བྱ་བའི་ཆེད་དུ། ནོར་སྲིད་ལས་ཁུངས་ཀྱིས་སྔོན་རྩིས་འཆར་གཞི་ལྟར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནོར་སྲིད་དངུལ་རྩ་དེ་འབྲེལ་ཡོད་སྡེ་ཁག་དང་ངོས་ཐད་ལ་བཏང་བའི་བྱ་འགུལ་ཞིག་ཡིན་པས། དེ་ལ་སྔོན་རྩིས་འགྲོ་སྒོ་ཞེས་ཀྱང་བྱ།

མཚན་ཉིད།

ནོར་སྲིད་འགྲོ་སྒོ(Public finance expenditure) ནི་རྒྱལ་ཁབ་ཀྱིས་འགན་ནུས་སྣ་ཚོགས་མངོན་འགྱུར་བྱ་བའི་ཆེད་དུ། ནོར་སྲིད་ལས་ཁུངས་ཀྱིས་སྔོན་རྩིས་འཆར་གཞི་ལྟར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནོར་སྲིད་དངུལ་རྩ་དེ་འབྲེལ་ཡོད་སྡེ་ཁག་དང་ངོས་ཐད་ལ་བཏང་བའི་བྱ་འགུལ་ཞིག་ཡིན་པས། དེ་ལ་སྔོན་རྩིས་འགྲོ་སྒོ་ཞེས་ཀྱང་བྱ། ཀྲུང་གོར་མཚོན་ན། སྔོན་རྩིས་གསོག་ཉར་ལས་གཞན་པའི་མ་དངུལ་ཡོད་པའི་རྐྱེན་གྱིས། ནོར་སྲིད་འགྲོ་སྒོ་ལ་ཡང་སྒྲ་དོག་ཡངས་གྱི་གོ་དོན་གཉིས་སུ་འཇུག་པ་སྟེ། སྒྲ་དོག་འཇུག་གི་ནོར་སྲིད་འགྲོ་སྒོ་ནི། སྔོན་རྩིས་ལས་མ་འདས་པའི་འགྲོ་སྒོ་ཁོ་ནར་གོ་བ་དང་། སྒྲ་ཡངས་འཇུག་གི་ནོར་སྲིད་འགྲོ་སྒོ་ལ་སྔོན་རྩིས་ཁྲོད་ཀྱི་འགྲོ་སྒོ་དང་སྔོན་རྩིས་ལས་འདས་པའི་འགྲོ་སྒོ་གཉིས་སུ་འདུ་བ་ཡིན། གལ་ཏེ་དམིགས་བསལ་གྱིས་འགྲེལ་བ་བྱེད་པའི་དགོས་པ་མེད་ན། ང་ཚོས་འདིར་བརྗོད་པའི་ནོར་སྲིད་འགྲོ་སྒོ་ནི་སྒྲ་དོག་འཇུག་གི་གོ་དོན་ལྟར་འཇུག་པར་བྱའོ།།

 འབྲེལ་བ།

ནོར་སྲིད་འགྲོ་སྒོ་དང་ནོར་སྲིད་ཡོང་སྒོ་གཉིས་ཀྱིས་ནོར་སྲིད་བགོ་བཤའི་མ་ལག་ཆ་ཚང་གྲུབ་པ་ཡིན་ཞིང་། ནོར་སྲིད་འགྲོ་སྒོ་ནི་མཐར་ནོར་སྲིད་ཡོང་སྒོའི་ཁྲོད་འཇུག་པ་ཡིན་ཞིང་། དེས་སྲིད་གཞུང་སྲིད་ཇུས་ཀྱི་གདམ་ཀ་མཚོན་པ་དང་། སྲིད་གཞུང་བྱ་འགུལ་གྱི་ཁ་ཕྱོགས་དང་ཁྱབ་ཁོངས་གསལ་བོར་མཚོན་གྱི་ཡོད། དེའི་རྐྱེན་གྱིས། དེ་ནི་ནོར་སྲིད་བགོ་བཤའི་བྱ་འགུལ་གྱི་རིམ་པ་གཙོ་བོ་ཞིག་ཡིན། 

 ཁྱབ་ཁོངས།

གཅིག་ནི་རྒྱལ་ཁབ་འཕྲུལ་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ། རིམ་པ་སོ་སོའི་སྲིད་གཞུང་གི་སྲིད་དབང་འཛུགས་སྐྲུན་གྱི་འགྲོ་སྒོ་སྲ་བརྟན་དུ་གཏོང་བ་བཅས་ཁག་ཐེག་བྱེད་པ་ཡིན། དཔེར་ན། སྲིད་འཛིན་དོ་དམ་དང་རྒྱལ་སྲུང་། ཕྱི་འབྲེལ། སྤྱི་བདེ། སྲིད་ཁྲིམས། ཉེན་རྟོག་སོགས་ཀྱི་ཕྱོགས་ལ་འགྲོ་སྒོ་གཏོང་བ་དེ་ཡིན།

གཉིས་ནི་སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཕྱིའི་སྤྱི་ཚོགས་ལ་ཕན་ནུས་ཆེས་ཆེར་འདོན་པའི་སྤྱི་ཚོགས་ཐུན་མོང་གི་ལས་དོན་ཕྱོགས་ཀྱི་འགྲོ་སྒོ་སྟེ། དཔེར་ན་སྤྱི་ཚོགས་འགན་སྲུང་དང་ཚན་རྩལ། འཕྲོད་བསྟེན། སློབ་གསོ། རིག་གནས། དབུལ་སྐྱོར་སོགས་ཀྱི་ཐད་ཀྱི་འགྲོ་སྒོ་དེ་ཡིན།

གསུམ་ནི་ཕན་ནུས་ལྡན་པའི་སྒོ་ནས་དཔལ་འབྱོར་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ཕན་ཞིང་། ཕྱིའི་དཔལ་འབྱོར་ཕན་འབྲས་ཆེན་པོ་ལྡན་པའི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་འགོད་སྒྲིག་ཆས་ཕྱོགས་ཀྱི་འགྲོ་སྒོ་སྟེ། དཔེར་ན་ཆུ་བེད་དང་། གློག་ཤུགས། གཞུང་ལམ། ཟམ་པ། ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་སོགས་ཀྱི་ཕྱོགས་སུ་གཏོང་བའི་འགྲོ་སྒོ་དེ་ཡིན།

བཞི་ནི་ཀྲུང་གོའི་མིག་སྔའི་དཔལ་འབྱོར་དེ་བསྒྱུར་སྤོའི་དུས་སུ་ཁེལ་ཡོད་ཅིང་། ཚོང་རའི་ནང་རྐྱེན་ད་དུང་འཐུས་ཚང་མིན་པའི་ཆ་རྐྱེན་འོག རྒྱལ་ཁབ་ཀྱིས་སྤྱི་ཁོག་གི་དཔལ་འབྱོར་འཁོར་སྐྱོད་ལ་ད་དུང་དགོས་ངེས་ཀྱི་ཚོད་འཛིན་བྱེད་ལ། ནོར་སྲིད་ཀྱིས་ཀྱང་ནོར་ཤུགས་ངེས་ཅན་ཞིག་ཉར་ཚགས་བྱས་ཐོག  དཔལ་འབྱོར་བྱ་འགུལ་ལ་འོས་འཚམ་གྱི་ཐེ་གཏོགས་བྱེད་པ་དེ་ཡིན། 



  • 顶 0