ནོར་སྲིད་བགོ་བཤའ།

2019-10-15
0


ནོར་སྲིད་བགོ་བཤའ་ནི་རྒྱལ་ཁབ་ཀྱི་འགན་ནུས་མངོན་འགྱུར་བྱ་བའི་ཆེད་དུ། ཆབ་སྲིད་ཀྱི་དབང་ཆའི་ནུས་པར་བརྟེན་ནས་རྒྱལ་དམངས་ཡོང་སྒོའི་ཁྲོད་ཀྱི་ཐོན་རྫས་ལྷག་མ་བགོ་བཤའ་བྱེད་པ་ཞིག་དང་། ནོར་སྲིད་དངུལ་རྩ་གྲབས་གསོག་དང་ཆ་བགོས། བེད་སྤྱོད་གཏོང་བའི་གོ་རིམ་གྱི་སྤྱི་མིང་ཡིན། གོ་རིམ་གསུམ་པོ་དེ་ལག་ལེན་གྱི་ཁྲོད་དུ་སྔ་གཞུག་དང་ཡང་ན་དུས་མཉམ་དུ་གནས་པ་ཞིག་ཡིན། གཏོང་ཡོང་གི་རྣམ་པས་བྱེ་བྲག་གི་སྣང་ཚུལ་མཚོན་གྱི་ཡོད།

གཙོ་གཞི།

     ནོར་སྲིད་བགོ་བཤའི་གཙོ་གཞི་ནི། སྤྱི་ཚོགས་ཀྱི་རྣམ་པ་ག་འདྲ་ཞིག་ཏུ་རྒྱལ་ཁབ་ནི་ག་འདྲ་ཞིག་ཡིན་པ་དེ་ཡིན། རྒྱལ་ཁབ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རྒྱལ་ཁབ་ཀྱིས་བགོ་བཤའ་བྱ་བར་རྩ་འཛུགས་བྱེད་པ་ཞིག་ཡིན་པས། རྒྱལ་ཁབ་ཀྱིས་ནོར་སྲིད་བགོ་བཤའི་བྱ་བའི་ཁྲོད་དུ་སྣེ་ཁྲིད་ཀྱི་གོ་གནས་བཟུང་ཡོད།

ནོར་སྲིད་བགོ་བཤའི་གཙོ་གཞི་ནི་རྒྱལ་ཁབ་ཡིན་ཏེ། གཅིག རྒྱལ་ཁབ་ནི་ནོར་སྲིད་བགོ་བཤའི་སྔོན་འགྲོའི་ཆ་རྐྱེན་ཡིན། གཉིས། རྒྱལ་ཁབ་ཀྱིས་ནོར་སྲིད་བགོ་བཤའ་ཁྲོད་རང་འགུལ་གཙོ་གཞི་དང་བཀོད་སྒྲིག་གི་གོ་གནས་ཟིན་ཡོད། གསུམ། ནོར་སྲིད་བགོ་བཤའ་ནི་སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་བསྡུས་རང་བཞིན་གྱིས་བགོ་བཤའ་བྱེད་པ་ཞིག་ཡིན། 

 དམིགས་ཡུལ།

     ནོར་སྲིད་བགོ་བཤའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་འགན་ནུས་དགོས་མཁོ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དེ་ཡིན་ལ། དེ་ལྟ་བུའི་དགོས་མཁོ་ནི་སྤྱི་ཚོགས་ཐུན་མོང་གི་དགོས་མཁོར་གཏོགས་པ་ཞིག་ཡིན།

སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་ལ་ཁྱད་ཆོས་བཞི་ལྡན་ཏེ།

     དང་པོ་ནི་སྤྱི་ཚོགས་ཐུན་མོང་གི་དགོས་མཁོར་འདོན་སྤྲོད་བྱས་པའི་ཐུན་མོང་ཐོན་རྫས་ཀྱི་ཕན་ནུས་ལ་འབྲལ་ཐབས་མེད་པའི་རང་བཞིན་ལྡན།

     གཉིས་པ་ནི་སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་བར་འདོན་སྤྲོད་བྱས་པའི་ཐོན་རྫས་ལ་གཅིག་འཛིན་གྱི་རང་བཞིན་མི་ལྡན།

     གསུམ་པ་ནི་སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་བའི་དངོས་པོའི་འབྱུང་ཁུངས་ནི་ཐོན་རྫས་ལྷག་མའི་རིན་ཐང་ཁོ་ནའི་ཆ་ཤས་ཤིག་ཡིན་དགོས།

     བཞི་བ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་བར་འདོན་སྤྲོད་བྱས་པའི་ཐོན་རྫས་དང་ཞབས་ཞུ་བེད་སྤྱོད་དུས། རིན་ཚབ་སྤྲོད་མི་དགོས་པའམ་ཡང་ན་འགྲོ་གྲོན་ཉུང་ཙམ་ལས་སྤྲོད་མི་དགོས།

 ངོ་བོ།

     ནོར་སྲིད་བགོ་བཤའ་ནི་སྤྱི་ཚོགས་དཔལ་འབྱོར་འབྲེལ་བའི་གྲུབ་ཆ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་ནོར་སྲིད་བགོ་བཤའ་ལ་ངོ་བོའི་སྟེང་མི་འདྲ་བའི་ཁྱད་པར་ཡོད་དེ།

མ་རྩ་རིང་ལུགས་ཀྱི་ལམ་ལུགས་སུ། ནོར་སྲིད་བགོ་བཤའ་ཡིས་མཚོན་པ་ནི་འབྱོར་ལྡན་གྲལ་རིམ་རྒྱལ་ཁབ་ཀྱི་རྒྱ་ཆེ་བའི་ངལ་རྩོལ་པ་དག་གིས་འགྲན་རྩོད་བྱེད་པ་དེ་ཡིན་ལ། དེ་ནི་བཤུ་གཞོག་གི་འབྲེལ་བ་ཞིག་ཡིན།

     སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ། ནོར་སྲིད་བགོ་བཤའ་ཡིས་མི་དམངས་ཐུན་མོང་གི་ཁེ་ཕན་གྱི་འབྲེལ་བ་མཚོན་གྱི་ཡོད་པ་དང་། ནོར་སྲིད་ཡོང་སྒོ་ནི་ངལ་རྩོལ་མི་དམངས་ཀྱིས་གསར་བསྐྲུན་བྱས་པ་ཡིན་ལ། ནོར་སྲིད་འགྲོ་སོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གོང་སྤེལ་དང་མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བ་མུ་མཐུད་དུ་མཐོར་འདེགས་གཏོང་བར་ཞབས་ཞུ་སྒྲུབ་པ་ཡིན། 



  • 顶 0