ནོར་སྲིད་རིག་པ།

2019-10-15
0

ནོར་སྲིད་རིག་པ (Public Finance Program) ནི་རྒྱལ་ཁབ་གཙོ་གཞིར་བྱས་པའི་ནོར་སྲིད་བགོ་བཤའི་འབྲེལ་བའི་གྲུབ་ཚུལ་དང་འཕེལ་རྒྱས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དེ་ནི་དཔལ་འབྱོར་རིག་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཉེར་སྤྱོད་རིག་ཚན་གྱི་ཁོངས་སུ་གཏོགས

ཞིབ་འཇུག་བྱ་ཡུལ།

    ནོར་སྲིད (Public Finance) ནི་རྒྱལ་ཁབ་ཀྱི་ནོར་སྲིད་ཡིན་ཏེ། དེ་ནི་རྒྱལ་ཁབ་གཙོ་གཞིར་བྱས་ཤིང་སྲིད་གཞུང་གི་གཏོང་ཡོང་བྱ་བ་བརྒྱུད་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཁག་ཅིག་གཅིག་བསྡུས་བྱས་ནས། སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་བར་བྱེད་པའི་དཔལ་འབྱོར་གྱི་བྱ་བ་ཞིག་ཡིན། ནོར་སྲིད་རིག་པ་ནི་རྒྱལ་ཁབ(སྲིད་གཞུང)ཀྱིས་སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་བར་མ་དངུལ་ཇི་ལྟར་གྲབས་གསོག་དང་བེད་སྤྱོད་གཏོང་བའི་གཞུང་ལུགས་དང་། ལམ་ལུགས། དོ་དམ་བྱེད་ཐབས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། 

དབྱེ་བ།

    ནོར་སྲིད་རིག་པ་དེ་ནོར་སྲིད་བགོ་བཤའི་གཙོ་གཞི་མི་གཅིག་པ་གཞིར་བྱས་ནས་དབྱེ་ན། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ནོར་སྲིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་མ་རྩ་རིང་ལུགས་ཀྱི་ནོར་སྲིད་རིག་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ནོར་སྲིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ནོར་སྲིད་རིག་པ། རྒྱལ་ཁབ་སོ་སོའི་ནོར་སྲིད་ལམ་ལུགས་ལ་དཔྱད་བསྡུར་དང་ཞིབ་འཇུག་བྱེད་པའི་དཔྱད་བསྡུར་ནོར་སྲིད་ལམ་ལུགས་རིག་པ་བཅས་སོ།།

མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་མི་གཅིག་པ་གཞིར་བྱས་ནས་རྒྱལ་ཁབ་སོ་སོའི་ནོར་སྲིད་དབྱེ་ན། འཆར་ལྡན་དཔལ་འབྱོར་ནོར་སྲིད་དང་ཚོང་རའི་དཔལ་འབྱོར་ནོར་སྲིད། དེ་བཞིན་ནོར་སྲིད་རིག་པར་དབྱེ་ན་འཆར་ལྡན་དཔལ་འབྱོར་རིག་པ་དང་ཚོང་རའི་དཔལ་འབྱོར་རིག་པ་གཉིས་སོ། །

 རིག་ཚན་གྲུབ་ཚུལ།

    ནོར་སྲིད་བགོ་བཤའི་གཙོ་གཞི་ལྟར་དབྱེ་ན། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ནོར་སྲིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་མ་རྩ་རིང་ལུགས་ཀྱི་ནོར་སྲིད་རིག་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ནོར་སྲིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ནོར་སྲིད་རིག་པ། རྒྱལ་ཁབ་སོ་སོའི་ནོར་སྲིད་ལམ་ལུགས་དཔྱད་བསྡུར་དང་ཞིབ་འཇུག་བྱེད་པའི་དཔྱད་བསྡུར་ནོར་སྲིད་ལམ་ལུགས་རིག་པ།

    ནོར་སྲིད་བགོ་བཤའི་ནང་དོན་ལྟར་དབྱེ་ན། རྒྱལ་ཁབ་སྔོན་རྩིས་རིག་པ་དང་། རྒྱལ་ཁབ་ཁྲལ་སྡུད་རིག་པ། གཞུང་བུན་རིག་པ། རྒྱལ་གཉེར་ཁེ་ལས་ཀྱི་དངུལ་དོན་རིག་པ། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་རིག་པ་སོགས་ཡོད།

    ནོར་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་བགྲོད་ལམ་ལྟར་དབྱེ་ན། ཀྲུང་གོའི་ནོར་སྲིད་ལོ་རྒྱུས་དང་། ཕྱི་རྒྱལ་གྱི་ནོར་སྲིད་ལོ་རྒྱུས། ཁྲལ་སྲོལ་ལོ་རྒྱུས། གཞུང་བུན་ལོ་རྒྱུས། ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་དངུལ་དོན་དོ་དམ་བསམ་བློར་ཞིབ་འཇུག་བྱེད་པའི་ནོར་སྲིད་བསམ་བློའི་ལོ་རྒྱུས་སོགས་ཡོད། 

 ཆེད་ལས།

    ནོར་སྲིད་རིག་པའི་ཆེད་ལས་ནི་ཉེར་སྤྱོད་དཔལ་འབྱོར་གྱི་རིག་ཚན་དུ་གཏོགས་པ་ཞིག་ཡིན་ཞིང་། དེས་གཙོ་བོ་སྲིད་གཞུང་སྡེ་ཁག་གིས་མ་དངུལ་གྲབས་གསོག་དང་བེད་སྤྱོད་གཏོང་བའི་ཕྱོགས་ཀྱི་གཞུང་ལུགས་དང་ལམ་ལུགས། དོ་དམ་བྱེད་ཐབས་བཅས་ལ་ཞིབ་འཇུག་བྱེད་པ་དང་ཆབས་ཅིག  ཁེ་ལས་ལས་རིགས་ཀྱིས་ཐོན་སྐྱེད་དང་ལས་གཉེར་བྱེད་པའི་གོ་རིམ་གྱི་ཁྲལ་འབབ་གནད་དོན་ལ་ཡང་ཞིབ་འཇུག་བྱེད་པ་ཞིག་ཡིན།

 གསོ་སྐྱོང་དམིགས་འབེན།

    ཆེད་ལས་འདིས་ནོར་སྲིད་དང་ཁྲལ་དོན་སོགས་དང་འབྲེལ་བའི་གཞུང་ལུགས་ཤེས་བྱ་དང་ལས་སྒོའི་ལག་རྩལ་སོགས་ལྡན་པའི་ཁར། ནོར་སྲིད་དང་ཁྲལ་དོན། དེ་མིན་དཔལ་འབྱོར་དོ་དམ་སྡེ་ཁག་དང་ཁེ་ལས་གཞན་དུ་འབྲེལ་ཡོད་ཀྱི་ལས་ཀ་སྒྲུབ་ཐུབ་པའི་མཐོ་རིམ་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཡིན།

 གསོ་སྐྱོང་བླང་བྱ།

     ཆེད་ལས་འདིའི་སློབ་མས་གཙོ་བོ་ནོར་སྲིད་ཁྲལ་འབབ་ཕྱོགས་ཀྱི་རྨང་གཞིའི་གཞུང་ལུགས་དང་ཤེས་བྱར་སློབ་སྦྱོང་བྱས་ཏེ། འབྲེལ་ཡོད་ལས་སྒོའི་རྨང་གཞིའི་སྦྱོང་བརྡར་ཐོབ་ཅིང་། ནོར་ཁྲལ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱ་བའི་རྨང་གཞིའི་ནུས་པ་དང་ལྡན་པ་ཞིག་བྱ་དགོས།

7 ཤེས་བྱའི་རྩལ་ནུས།

    ཆེད་ལས་མཐར་ཕྱིན་སློབ་མར་གཤམ་གྱི་ཕྱོགས་འགའི་ཤེས་བྱ་དང་ནུས་པ་ལྡན་དགོས་ཏེ། 

གཅིག  ནོར་སྲིད་རིག་ཚན་གྱི་རྨང་གཞིའི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ་ལྡན་དགོས། 

གཉིས། ནོར་སྲིད་ཁྲལ་སྡུད་བྱ་བའི་གནད་དོན་ཐག་གཅོད་ཀྱི་ནུས་པ་ལྡན་དགོས། 

གསུམ། རྒྱལ་ཁབ་ཀྱི་ནོར་སྲིད་དང་ཁྲལ་སྡུད་བྱེད་ཕྱོགས། སྲིད་ཇུས་དང་ཁྲིམས་སྲོལ་བཅས་ཀྱི་སྐོར་ལ་རྒྱུས་མངའ་ཡོད་དགོས། 

བཞི། ཆེད་ལས་གང་དེའི་རིག་གཞུང་གི་སྔོན་འགྲོ་དང་འཕེལ་རྒྱས་ཀྱི་འགྱུར་བར་རྒྱུས་ལོན་ཡོད་དགོས། 

ལྔ། ཚད་ལྡན་གྱི་ཡིག་ཆ་དཔྱད་འཚོལ་དང་རྒྱུ་ཆར་རྟོགས་དཔྱོད་བྱེད་པའི་རྩ་བའི་ཐབས་ལམ་ངེས་པར་བྱས་ཏེ། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་ལས་ཀ་སྒྲུབ་པའི་ནུས་པ་ངེས་ཅན་ལྡན་དགོས་པ་བཅས་སོ། །



  • 顶 0