ནོར་སྲིད་ལམ་ལུགས།

2019-10-15
0

ནོར་སྲིད་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་ནོར་སྲིད་བྱ་བར་གཏན་འབེབས་བྱས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ཞིང་། དེ་ནི་ནོར་སྲིད་གཏོང་ཡོང་ཆོས་ཉིད་ཀྱི་མཚོན་ཐབས་ཤིག་ཡིན་པ་དང་། བཀས་སྐུལ་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཡིན་ལ། ཁྲིམས་ལུགས་ཀྱི་ནུས་པ་ལྡན་པའོ།།

 བྱུང་འཕེལ།

    ནོར་སྲིད་ལམ་ལུགས་ནི་ནོར་སྲིད་བགོ་བཤའི་བཅའ་ཁྲིམས་དང་སྒྲིག་ཁྲིམས། ཁྲིམས་སྲོལ། ཐབས་ཤེས་སོགས་ཚད་ལྡན་དུ་གཏོང་བའི་སྤྱི་མིང་ཡིན།

    ཀྲུང་གོའི་གནའ་རབས་ངག་རྒྱུན་དུ་ཞཱ་རྒྱལ་རབས་ཀྱི་ནོར་རྫས་རྟེན་འབུལ་ལམ་ལུགས་ནི་ནོར་སྲིད་ལམ་ལུགས་ཀྱི་མྱུ་གུ་འབུས་པའི་མཚོན་རྟགས་སུ་ལྟ་བ་དང་། ཀྲོའུ་ནུབ་མའི་དུས་སུ་ནོར་སྲིད་ལམ་ལུགས་དང་འབྲེལ་ཡོད་གནས་ཚུལ་ཡིག་ཐོག་ཏུ་འགོད་པའི་སྲོལ་བྱུང་བ་ཡིན། དེང་རབས་རྒྱལ་ཁབ་ཀྱི་ནོར་སྲིད་ལམ་ལུགས་ནི་ཐོག་མར་དབྱིན་ཇི་རུ་བྱུང་བ་ཡིན། དུས་རབས17པའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་བྱུང་བའི་རྗེས་སུ། དབྱིན་ཇིའི་གྲོས་ཚོགས་ཀྱིས་ནོར་སྲིད་གཏོང་ཡོང་ཐག་གཅོད་ཀྱི་དབང་ཆར་ཚོད་འཛིན་བྱས་ཏེ། གོང་མའི་ལོ་ཕོགས་དང་སྲིད་གཞུང་གི་གཏོང་ཡོང་། དེ་བཞིན་དབང་ཆའི་ཚད་ཐིག་དང་འགན་ཁུར་སོགས་ཁྲིམས་ལུགས་དང་ལམ་ལུགས་སུ་གཏན་འབེབས་བྱས། དེའི་རྗེས་སུ་ཧྥ་རན་སེས་ཀྱང་དེ་དང་ཆ་མཚུངས་པའི་ལམ་ལུགས་བཙུགས་པ་ཡིན། དུས་རབས19བའི་རྗེས་སུ། རིམ་བཞིན་རྒྱལ་ཁབ་ནོར་སྲིད་བགོ་བཤའ་དང་འབྲེལ་བ་ཡོད་པའི་ནོར་སྲིད་ལམ་ལུགས་དེ་རྒྱལ་ཁབ་སོ་སོས་རིམ་བཞིན་བཙུགས་པ་ཡིན།

 རྩ་དོན།

    ནོར་སྲིད་ལམ་ལུགས་ནི་སྤྱི་ཚོགས་དཔལ་འབྱོར་གྱི་དངོས་ཡོད་དགོས་མཁོ་ལྟར་གཏན་འབེབས་བྱས་པ་ཞིག་ཡིན་པས། དེ་ཡང་ངེས་པར་དུ་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་འཕོ་འགྱུར་འབྱུང་བ་ཞིག་ཡིན། རྒྱལ་ཁབ་སོ་སོའི་སྤྱི་ཚོགས་དཔལ་འབྱོར་གཅིག་མཚུངས་མིན་པའི་གནས་ཚུལ་འོག་ཏུ། ནོར་སྲིད་ལམ་ལུགས་གཏན་འབེབས་ཀྱི་རྩ་དོན་ཡང་མི་འདྲ་བ་ཡིན། སྔོན་རྩིས་ལམ་ལུགས་ནི། དཔེར་ན། དབྱིན་ཇིའི་ནོར་སྲིད་ལམ་ལུགས་སུ་རྒྱལ་ཁབ་སྔོན་རྩིས་ལ་འཐུས་ཚང་རང་བཞིན་དང་ནང་གསེས་རང་རང་བཞིན། ལོ་འཁོར་རང་བཞིན། མངོན་གསལ་རང་བཞིན། རིགས་དབྱེ་རང་བཞིན་ལྡན་པ་ལྟ་བུ་སོགས་རིགས་མི་འདྲ་བ་དུ་མ་ཡོད། ཀྲུང་གོར་མཚོན་ན། ནོར་སྲིད་ལམ་ལུགས་གཏན་འབེབས་བྱེད་པའི་གཞི་རྩའི་རྩ་དོན་ནི་གཅིག་གྱུར་འགོ་ཁྲིད་དང་རིམ་དགར་དོ་དམ་བྱེད་པའི་མཚུངས་སུ། གཤམ་གྱི་རྩ་དོན་དག་བརྩི་སྲུང་བྱ་དགོས་པ་སྟེ། གཅིག་ནས་ཕྱོགས་ཡོངས་དང་ཡང་དག་གི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས། སྲིད་ཇུས་ཀྱི་དགོངས་པ་སོགས་མཚོན་པ་དང་། གཉིས་ནས་རྒྱུ་ནོར་བསྐྱེད་པ་དང་བསྡུ་བ། དོ་དམ་བྱེད་པར་ཕན་ཞིང་། ནོར་སྲིད་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ནོར་སྲིད་ལམ་ལུགས་དེ་དུས་ཡུན་ངེས་ཅན་ནང་བལྟོས་བཅས་ཀྱི་བརྟན་འཇགས་རང་བཞིན་ཁག་ཐེག་བྱེད་པར་མ་ཟད། བབ་བསྟུན་རང་བཞིན་ཡང་ལྡན་དགོས། 



  • 顶 0