ནོར་སྲིད་སྲིད་ཇུས།

2019-10-15
0

ནོར་སྲིད་སྲིད་ཇུས་ནི་དཔལ་འབྱོར་རིག་པའི་མིང་བརྡ་ཞིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་དུས་སྐབས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་འཁྲི་ལྟར་གཏན་འབེབས་བྱས་པའི་ནོར་སྲིད་བྱ་བའི་མཛུབ་སྟོན་རྩ་དོན་ལ་བྱ་བ་ཡིན་ཞིང་། ནོར་སྲིད་གཏོང་ཡོང་དང་ཁྲལ་སྡུད་སྲིད་ཇུས་ཀྱི་འགྱུར་བ་ལ་བརྟེན་ནས་སྤྱིའི་དགོས་མཁོ་ལ་ཤུགས་རྐྱེན་བཟོ་བ་དང་སྙོམས་སྒྲིག་བྱེད་པ་ཡིན། ནོར་སྲིད་སྲིད་ཇུས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་ཡོངས་ཀྱི་གྲུབ་ཆ་ཡིན།

གོ་དོན།

    ནོར་སྲིད་སྲིད་ཇུས་ནི་ལས་ཞུགས་ཆུ་ཚད་མཐོར་འདེགས་ལ་སྐུལ་འདེད་དང་དཔལ་འབྱོར་འཁྱོམ་འགུལ་ཆུང་དུ་ཕྱིན་པའི་ཁར། དངུལ་ལོར་འགྲེམ་ཐལ་ཤོར་བ་སྔོན་འགོག་བྱས་ནས། བརྟན་འཇགས་སྒོས་འཕར་སྣོན་བྱུང་སྟེ་སྲིད་གཞུང་གི་ནོར་སྲིད་གཏོང་ཡོང་དང་ཁྲལ་བསྡུ། བུ་ལོན་ལེན་པ་བཅས་སུ་གདམ་ཀ་བྱས་པ། ཡང་ན་སྲིད་གཞུང་གི་ནོར་སྲིད་འགྲོ་སྒོ་དང་ཡོང་སྒོའི་ཐད་ལ་བཟོས་པའི་ཐབས་ཇུས་ལ་གོ།

 དམིགས་འབེན།

    ནོར་སྲིད་སྲིད་ཇུས་ཀྱི་དམིགས་འབེན་ནི་རྒྱལ་ཁབ་ཀྱིས་ནོར་སྲིད་སྲིད་ཇུས་ཀྱི་ལག་ཆ་བེད་སྤྱོད་བྱས་པར་བརྒྱུད། མངོན་འགྱུར་བྱ་བའི་དམིགས་འབེན་དེ་ལ་ཟེར་བ་དང་། དེས་ནོར་སྲིད་སྲིད་ཇུས་གྱི་ལྟེ་བའི་ནང་དོན་གྲུབ་ཡོད་ཅིང་། དེ་ནི་ནོར་སྲིད་སྲིད་ཇུས་ལས་དོན་གྱི་གཙོ་ཁྲིད་ཡིན། ནོར་སྲིད་སྲིད་ཇུས་ཀྱི་དམིགས་འབེན་གཏན་འབེབས་དེ་ཡང་རྒྱལ་ཁབ་མི་འདྲ་བ་དང་དུས་སྐབས་མི་འདྲ་བར་བསྟུན་ནས་གཏན་འཁེལ་བྱེད་པ་ཞིག་ཡིན།

 ནང་དོན།

    གཅིག་ནས་ལྟོས་བཅས་ཀྱིས་དངོས་གོང་གཏན་འཇགས་ཡིན་པ་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་འཚོལ་སྙེག་བྱེད་བཞིན་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་ལ། ནོར་སྲིད་སྲིད་ཇུས་གཏན་འཇགས་བཟོ་བའི་རྨང་གཞིའི་བླང་བྱ་ཞིག་ཀྱང་ཡིན།

    གཉིས་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་སྟེ། རྒྱལ་ཁབ་ཅིག་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡིན་ཞིང་། དེས་དཔལ་འབྱོར་གྱི་འཕེལ་རྒྱས་དེ་མྱུར་ཚད་ངེས་ཅན་ཞིག་གི་ནང་དུ་རྒྱུན་སྲུང་བྱ་དགོས་པའི་བླང་བྱ་བཏོན་པས། ཉམས་འགྲིབ་ཆེན་པོ་དང་མཚམས་འཇོག་པ་སོགས་འབྱུང་མི་རུང་བར་མ་ཟད། ཡང་ན་ཚད་བརྒལ་གྱི་འཕར་སྣོན་ཡང་འབྱུང་མི་རུང་བ་ཞིག་ཡིན།

    གསུམ་ནས་ལུགས་མཐུན་གྱིས་ཡོང་སྒོ་བགོ་བཤའ་བྱེད་པ་སྟེ། སྤྱི་ཚོགས་ཀྱི་ཁོངས་མི་དག་གི་ཡོང་སྒོ་བགོ་བཤའ་བྱེད་དུས་དྲང་བདེན་དང་ལུགས་མཐུན་ཡོང་དགོས་ལ། འདྲ་མཉམ་དང་ཕན་འབྲས་ཟུང་སྦྲེལ་བྱེད་དགོས་པ་ལས། ཧེ་བག་ཆེན་པོ་འབྱུང་མི་རུང་།

    བཞི་ནས་ལུགས་མཐུན་གྱིས་ཐོན་ཁུངས་སྒྲིག་འགོད་བྱེད་པ་སྟེ། ད་ཡོད་ཀྱི་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སོགས་སྤྱི་ཚོགས་ཀྱི་ཐོན་ཁུངས་ལུགས་མཐུན་གྱིས་སྒྲིག་འགོད་བྱས་ཏེ། དེས་ཕན་ནུས་ཆེས་ཆེར་སྒོས་འདོན་སྤེལ་བྱེད་ཐུབ་ཅིང་། ཆེས་ཆེ་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་ཕན་རག་པར་བྱེད་པ་ཡིན།

    སྤྱི་ཚོགས་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་མཐར་ཐུག་གི་དམིགས་འབེན་ནི་སྤྱི་ཚོགས་ཀྱི་ཁོངས་མིའི་དགོས་མཁོ་སྐོང་རྒྱུ་དེ་ཡིན།

 ཁྱད་ཆོས།

    གཅིག ནོར་སྲིད་སྲིད་ཇུས་ཀྱི་དམིགས་འབེན་དེར་ནོར་སྲིད་སྲིད་ཇུས་ཕན་ནུས་ཀྱིས་ཚོད་འཛིན་བྱེད་པ་ཡིན།

    གཉིས། ནོར་སྲིད་སྲིད་ཇུས་ཀྱི་དམིགས་འབེན་དེ་དུས་ཚོད་ཀྱི་ཆ་ནས་རྒྱུན་མཐུད་རང་བཞིན་ངེས་ཅན་ལྡན་པ་ཡིན།

    གསུམ། ནོར་སྲིད་སྲིད་ཇུས་ཀྱི་དམིགས་འབེན་དེ་བར་སྟོང་གི་ཆ་ནས་གཅིག་གྱུར་རང་བཞིན་ལྡན་པ་ཡིན། 


  • 顶 0