རྒྱུད་གཅིག་ལམ་གཅིག་དམ་འཛིན་གྱིས་བོད་རིག་གནས་འཕེལ་རྒྱས་སུ་གཏོང་བ།

2019-06-25
0

   བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡུན་རིང་རང་བྱུང་དང་སྤྱི་ཚོགས་བར་འགྲོ་འོང་དང་དེ་བཞིན་ལག་ལེན་བྱེད་སྒོ་ལས་བྱུང་བ་ཞིག་སྟེ་བློ་གྲོས་ཀྱི་ཉིང་བཅུད་ཅིག་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ཅིང་། མི་རྣམས་ཀྱི་བསམ་བློ་དང་བསམ་པའི་ངོ་བོའི་ནང་འཐིམ་ནས་ལོ་རྒྱུས་ཀྱི་སྤྱི་ཚོགས་མཚོན་ལ་དངོས་ཡོད་ཀྱི་སྤྱི་ཚོགས་ཀྱང་མཚོན་གྱིན་ཡོད་པ་རེད། 

       ཟླ6པའི་ཚེས14ཉིན། ༼2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས༽ལྷ་སར་འཚོགས་པ་དང་རྒྱལ་ཁབ་དང་ས་ཁུལ30ལྷག་ཙམ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་ཆེད་མཁས། སྨྱན་སྦྱོར་གསར་འགོད་པ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བོད་ཀྱི་འཕེལ་རྒྱས་ལ་བསྔགས་བརྗོད་བྱས་ཡོད་ལ། དེའི་ནང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆེད་མཁས་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་གིན་ཡོད་པ་རེད། 

2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་ཡུལ་དངོས་རེད།

ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་སུ་བཏང་ནས་ལམ་རྒྱུད་རྒྱལ་ཁབ་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་པ།

      མདོ་དབུས་མཐོ་སྒང་དེ་ཨེ་ཤ་ཡའི་དབུས་རྒྱུད་དུ་གནས་ཤིང་དར་གོས་གནའ་ལམ་དང་ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་བཅས་རི་མཐོ་གཡང་གཟར་ཁྲོད་འཛམ་གླིང་ལ་འབྲེལ་བ་བྱུང་ཡོད་པ་རེད། “ལོ་རྒྱུས་ཐོག་མདོ་དབུས་མཐོ་སྒང་ནི་ཡུན་རིང་པོར་བགྲོད་ལམ་ཕན་ཚུན་ལ་སྣོལ་བའི་ས་ཆ་ཞིག་རེད”ཅེས་བོད་དུ་འཚམས་འདྲིར་ཐེངས་མང་ཕེབས་མཁན་ཧྥ་རན་སེའི་དར་གོས་གནའ་ལམ་དཔེ་སྐྲུན་ཁང་གི་རྩོམ་པ་པོ་མཁས་དབང་སུའོ་ཉི་ཡ་པུའུ་རེ་སི་ལེ་ཡིས“དེང་ཆར་ནི་བོད་ཀྱིས་ལོ་རྒྱུས་གསར་པ་རྩོམ་སྒང་ཡིན་ཏེ། ༼རྒྱུད་གཅིག་ལམ་གཅིག༽གི་གྲོས་འགོས་བོད་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྤྲོད་ངེས།”ཞེས་བཤད།

       ཉེ་བའི་ལོ་ཤས་རིང་། བོད་ཀྱིས༼རྒྱུད་གཅིག་ལམ་གཅིག༽འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཞི་པ་དང་ཨེ་ཤ་ཡའི་འཁོར་རྒྱུད་ཀྱི༼རྒྱུད་གཅིག་ལམ་གཅིག༽གི་མཉམ་ལས་གླེང་སྟེགས། ཨེ་ཤ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས་སོགས་རྒྱལ་སྤྱིའི་བརྗེ་རེས་བྱེད་སྒོ་གཉེར་པ་དང་། འཐུས་མི་ཚོགས་པ་རྩ་འཛུགས་བྱས་ནས་ཀྲུང་གོའི་བོད་ཀྱི་རིག་གནས་ཀ་དུ་མན་རྡུའི་གླེང་སྟེགས་ནང་ཞུགས་པ་སོགས་རྣམ་པ་མི་འདྲ་བའི་འགྲོ་འོང་ལ་རྩ་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་དང༼རྒྱུད་གཅིག་ལམ་གཅིག༽རྒྱལ་ཁབ་དབར་གྱི་འབྲེལ་འདྲིས་ཇེ་དྲག་ཏུ་ཕྱིན་ཡོད་རེད།

       ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲང་ཡུན་གྱིས་ལོ་རྒྱུས་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་དབར་གྱི་མི་སྣ་འགྲོ་འོང་དང་ཚོང་ལས་ཚོང་དོན། ཐོན་ཁུངས་བརྗེ་རེས། ཆོས་ལུགས་སྤེལ་རེས་བཅས་ཀྱིས་ཕྱོགས་གཉིས་ཀའི་མི་དམངས་དབར་གྱི་མཛའ་གྲོགས་དང་ཡིད་ཆེས་ཟབ་ཏུ་ཕྱིན་པ་མ་ཟད། ཕྱོགས་གཉིས་ཀའི་དབར་འགྲོ་འོང་གི་མི་ཆོས་རྨང་གཞི་ཇེ་བརྟན་དུ་བཏང་པ་བདེན་དཔང་གནང་ཡོད། “བསམ་བློའི་རྒྱགས་ཕྱེ་འབོར་ཆེན་འདི་ནི་དམངས་སེམས་གཅིག་མཐུན་གྱི་རྨང་གཞི་བརྟན་ཤོས་ཡིན་ཏེ་རྒྱུན་འཛིན་གནང་ཡོད་པ་མ་ཟད་གསར་གཏོད་བྱས་ཡོད་པས་བརྟན་པོ་ཡུན་གནས་ཀྱི་ཕྱོགས་མང་འབྲེལ་བར་འགན་ལེན་གལ་ཆེན་གནང་ཡོད་པ་རེད”ཅེས་ཟེར།

ཆེད་མཁས་ཀྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་ལ་ཐབས་ཇུས་བཏོན་ནས་བོད་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་པ།

        པའོ་ཀེ་ཝུའེ་ནི་ལ་ཐེ་ཝེ་ཡ་སློབ་ཆེན་ནས་ཡིན་ལ་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་བ་གཞོན་པ་ཞིག་ཡིན་པས་བོད་སྐད་དང་རྒྱ་སྐད་བྱང་ཆ་ལྡན་པ་ཞིག་ཤོད་ཐུབ་ཀྱི་ཡོད། ཁོ་མོ་དེ་སྔར་བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན་སོགས་སུ་འཚམས་འདྲིར་ཕེབས་མྱོང་ཡོད་ཅིང་། 2018ལོར་བསམ་ཡས་དགོན་སོགས་བོད་ཀྱི་དགོན་སྡེ་མང་པོར་གཟིགས་སྐོར་དུ་ཕེབས་ནས་དགེ་འདུན་པའི་རྟགས་གསལ་གཏོང་པའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཡོད་པ་རེད། སྐད་རིགས་སྣ་ཚོགས་ལ་བྱང་ཆུབ་པའི་མཁས་དབང་དེས་དེ་སྔར《རྒྱལ་སྲས་ལག་ལེན་སོ་བདུན་མ》སོགས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་གསུམ་ལ་ཐེ་ཝེ་ཡའི་སྐད་དུ་བསྒྱུར་ནས་དཔེ་སྐྲུན་བྱས་ཤིང་། ལོ་ཙཱ་བྱས་པ་བརྒྱུད་ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རིག་གནས་མང་པོ་ཤེས་རྟོགས་བྱུང་ཡོད་པ་རེད། པའོ་ཀེ་ཝུའེ་ཡིས་བོད་བརྒྱུད་ནང་བསྟན་གྱི་ཡིག་ཚགས་ལོ་ཙཱ་དང་སྲོལ་རྒྱུན་གྱི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དགོན་སྡེ་དང་མཚམས་ཁང་སྲུང་སྐྱོང་བྱེད་པ་སོགས་བྱེད་ཐབས་དེ་དག་གིས་བོད་ཀྱི་སྒོ་དབྱེའི་འཕེལ་རིམ་དང་མ་འོངས་པའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་ཟེར།

     “བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་སྐད་ལ་དེ་བས་མཐོང་ཆེན་བྱས་ཏེ་བོད་ཀྱིས་རིག་གནས་འཚོ་བའི་ཁྱབ་ཁོངས་གསར་པ་བཏོད་ཡོད”ཅེས་ལུའུ་སེན་པའོ་ཡི་མཁས་དབང་གྲགས་ཅན། བོད་རིག་པའི་ཆེད་མཁས་ཨའར་པོ་ཐེ་ཨའེ་ཐིང་ཀེས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་དུ་སྔར་བྱུང་མྱོང་མེད་པའི་རིག་གནས་དར་རྒྱས་བྱུང་ཡོད་པར། ཁོང་གིས་དཔེ་དྲངས་ནས་བརྗོད་དོན་དེ་རིང་ལྷ་སར་དེང་རབས་ཅན་གྱི་བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཡོད་པ་དང་། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། བསམ་ཡས་དགོན་སོགས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་གང་ལེགས་ཐོབ་པ་དང་འབྲེལ་ཉམས་གསོ་བྱས་ཡོད་པ། ཐང་གའི་ནང་ཆོས་ལུགས་མིན་པའི་བརྗོད་བྱ་གཙོ་བོ་གསར་པ་མཉམ་འདྲེས་བྱས་པ་བརྒྱུད་སྒྱུ་རྩལ་གྱི་ཉམས་འགྱུར་དང་རྣམ་པ་གསར་པ་འཕེལ་རྒྱས་འགྲོ་བཞིན་ཡོད་པ། བོད་ཀྱི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་ཀྱིས་མཉམ་དུ་ཕབ་སྐྲུན་བྱས་པའི་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་གློག་བརྙན་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད་དེ། “བོད་ལ་བལྟོས་བཅས་ཀྱི་དུས་ཡུན་ཐུང་ངུའི་ནང་དཔལ་འབྱོར་དང་རིག་གནས་གང་རུང་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཕྱིར་དེ་ཉིད་འཛམ་གླིང་ཡོངས་སུ་རྨད་བྱུང་འབུར་དུ་ཐོན་པ་རེད”ཅེས་ཟེར།  

         ཧྲེན་ཧོ་ཀྲོའུ་ནི་ལྷོ་ཁོ་རེ་ཡའི་ཧན་ལིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཞིག་ཡིན་ཏེ་ལྷོ་ཁོ་རེ་ཡར་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་མང་པོ་མེད་པའི་ཆེད་མཁས་གྲས་ཀྱི་གཅིག་ཡིན་ཏེ། པའོ་ཀེ་ཝུའེ་དང་འདྲ་བར་དེ་སྔར་བོད་དུ་རྟོག་ཞིབ་གནང་བར་ཕེབས་མྱོང་ཡོད། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་འདས་མཆོད་རིག་གནས་ལ་ཞིབ་འཇུག་བྱས་པ་མ་ཟད། ལྷ་མོ་དང་ཐང་ག་ལའང་ཞིབ་འཇུག་བགྱིས་ཡོད་པ་རེད། རྗེས་མར་ཁོང་གིས་གེ་སར་རིག་གནས་ལ་ཉམས་ཞིབ་བྱ་འཆར་ཡོད་དེ“བབ་སྒྲུང་ནི་དངོས་ནས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཏུ་དགོངས་འདུག”དེ་མིན་ཁོང་གིས་བརྟག་དཔྱད་བྱས་པ་བརྒྱུད་ཀྲུང་གོ་སྲིད་གཞུང་གི་དཔལ་འབྱོར་རོགས་སྐྱོར་དང་མངོན་མིན་རིག་གནས་ཤུལ་བཞག་བསྐྱར་སྐྲུན་ལས་གྲྭར་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ལྷག་པར་དུ2006ལོ་ནས་བཟུང་ཀྲུང་གོས་ལག་ལེན་བསྟར་བའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲིད་ཇུས་ཁག་གི་ཁྲོད་སྲུང་སྐྱོབ་ཐོབ་པའི་བོད་ཀྱི་རིག་གནས་ཤུལ་བཞག་བརྒྱ་ལྷག་ཙམ་ཡོད་པ་རེད། 

         དེ་མིན་གཞན་ཡང་ཁོས་ཀྲུང་གོ་སྲིད་གཞུང་གིས་སྤྱི་ཁོག་ནས་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་གྲངས་གཞི་ཅན་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་དང་ཡུན་རིང་གི་མཉམ་སྤྱོད་སྟེགས་བུ་བསྐྲུན་འོས་ཞེས་བསྟན་འདུག 

         ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བླ་ཚན་གྱིས་བོད་ཀྱི་དགེ་མཚན་དང་ཁྱད་ཆོས་ལ་གཞིགས་ནས་བོད་ཀྱི་རིག་གནས་ཀྱི“མཉེན་ཤུགས”མཐོ་རུ་གཏོང་བ་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་འཆད་ཐད་འབད་བརྩོན་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་དེ། ཕྱོགས་གཅིག་ནས་རིག་གནས་བརྒྱུད་སྤེལ་དང་མི་ཆོས་སྤེལ་རེས་ཧུར་ཐག་བྱས་ནས“མཐུན་ཡང་མི་འདྲ་བའི”འདུ་ཤེས་མཉམ་སྤྱོད་བྱེད་དགོས་པ་དང་། དེ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས “བླང་དོར་གྱི་གནས་གསལ་ཏེ་གང་ཞིག་སྒྲུབ་པ་དང་གང་ཞིག་རེ་ཞིག་འཇོག་པའི”རྩ་དོན་མཐའ་འཁྱོངས་བྱེད་དགོས། བོད་ཀྱི་རང་བྱུང་དང་མི་ཆོས་ཐོན་ཁུངས། དེ་བཞིན་ཆོས་ལུགས་རིག་གནས་སོགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱས་པ་བརྒྱུད“རིག་གནས་ཀྱི“མཉེན་ཤུགས”ཟམ་མི་ཆད་པར་ཆེ་རུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་འཐབ་ཇུས་འཆར་བཀོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པར་འདོད། 

2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།

       བོད་ཀྱི་སྲོལ་རྒྱུན་རིག་གནས་ད་བར་དུ་རྒྱུན་འཛིན་བྱས་པར་ཡུན་རིང་གི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་རླབས་རྒྱུན་དང་བསྟུན་པ་དང་དུས་བསྟུན་མདུན་སྐྱོད་བྱེད་པ། རྒྱུན་འཛིན་ཁྲོད་གསར་གཏོད་གནང་པ། སྲུང་སྐྱོང་ཁྲོད་དར་སྤེལ་བྱེད་པ། སྒོ་དབྱེའི་ཁྲོད་འཕེལ་རྒྱས་བཅས་བྱས་ཚེ་བོད་ཀྱི་རིག་གནས་ལ་གཞི་ནས་མི་རིགས་ཀྱི་ཁྱད་ཆོས་དང་གསོན་ཤུགས་འཕེལ་ཐུབ་བོ། །


  • 顶 0