ལྷ་ས་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་སྡེ་ཁུལ་དུ་བསྐྱོད་པའི”བྱ་འགུལ་སྤེལ་བ།

2019-06-06
0

1559696482665779.jpg

འདི་ནི་བསམ་འགྲུབ་ཚེ་རིང་གི་རྡོ་བརྐོས་བརྩམས་ཆོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། ལྷ་ས་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་སྡེ་ཁུལ་དུ་བསྐྱོད་པའི”བྱ་འགུལ་བསྐལ་བཟང་གླིང་ཁ་སྡེ་ཁུལ་དུ་སྤེལ་བ་དང་། བསམ་འགྲུབ་ཚེ་རིང་གི་རྡོ་བརྐོས་འགྲེམ་སྟོན་ཁུལ་དུ་མང་ཚོགས་མང་པོས་ལྟ་སྐོར་དང་ཉོ་ཚོང་བྱེད་བཞིན་ཡོད། འགྲེམ་སྟོན་ཁུལ་དུ་ད་དུང་ཤིང་བརྐོས་དང་། ཐང་ག བོད་སྤོས་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་མང་པོ་འགྲེམ་སྟོན་བྱས་ཡོད། 

1559696493242124.jpg

འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

 འགྲེམ་སྟོན་ཁུལ་གྱི་འགྲམ་དུ་རྣམ་པ་གསར་རྐྱང་གི་རིག་རྩལ་འཁྲབ་སྟོན་བྱས་པར་སྡེ་ཁུལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། རྒན་རྒོན་རིག་རྩལ་རུ་ཁག་དང་ཆེད་ལས་སྒྱུ་རྩལ་ཚོགས་པས་སྒོར་གཞས་དང་། རོལ་དབྱངས། གར་ཆུང་བཅས་འཁྲབ་སྟོན་བྱས་ནས་ས་གནས་དེའི་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་པ་མ་ཟད། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ལ་རོལ་མྱོང་ཟབ་མོ་བྱས།

1559696503622087.jpg

འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནས་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། ཐེངས་འདིའི་མངོན་མིན་རིག་གནས་ཤུལ་བཞག་སྡེ་ཁུལ་བསྐྱོད་པའི་བྱ་འགུལ་ལ་གཞི་ཁྱོན་ཆེ་བ་དང་། ཚད་གཞི་མཐོ་བ། འགྲེམ་སྟོན་དུས་ཡུན་རིང་བ། འགྲེམ་སྟོན་རྣམ་གྲངས་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། བྱ་འགུལ་ལས་དངོས་པོ་འགྲེམ་སྟོན་དང་། ལག་རྩལ་འགྲེམ་སྟོན། གླུ་གར་འཁྲབ་སྟོན་བཅས་ཀྱི་རྣམ་པ་གཙོར་བྱས་ཏེ། དེའི་དམིགས་ཡུལ་ནི་སྲུང་སྐྱོང་གི་གྲུབ་འབྲས་གཅིག་བསྡུས་ངང་མངོན་པ་དང་སྲུང་སྐྱོང་གི་རྣམ་པ་ཧུར་ཐག་གིས་བཏོད་ནས་རྒྱུན་འཛིན་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དེ་རེད། 

1559696514609855.jpg

འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།


  • 顶 0