རང་རྒྱལ་གྱི་འདེབས་ལས་ཚོང་རའི་འགྱུར་ལྡོག་ཆེན་པོ་གསུམ།

2019-05-14
0

 ཉེ་སྔོན། ཀྲུང་གོའི་རྫས་འགྱུར་བཟོ་ལས་ཚོགས་སྒྲིལ་གྱིས་སུའེ་ཙེར་རྒྱལ་ཁབ་ཀྱི་འདེབས་ལས་ཁེ་ལས་ཤིག་ཉོ་སྡུད་བྱས་པ་ཁྱབ་སྒྲོག་བྱས་སོང་། ཉོ་སྡུད་བྱས་པའི་གྲངས་འབོར་ཨ་སྒོར་དུང་ཕྱུར430ལ་སླེབས་ཡོད། རྒྱལ་ཁབ་ཕྱི་ནང་གི་འདེབས་ལས་ཁྱབ་ཁོངས་སུ་སྔ་ན་མེད་པའི་ཚུར་སྣང་དྲག་པོ་བསླངས་བྱུང་། འདས་པའི་ལོ་ལྔ་ཡི་རིང་ནི། རང་རྒྱལ་གྱི་འདེབས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་རྫོགས་ལྡན་རབ་འབྱོར་གྱི་ལོ་ལྔ་ཡིན། འདེབས་ལས་ཚོང་རའི་གཞི་ཁྱོན་ནི་སྒོར་དུང་ཕྱུར400ལྷག་ནས་འཚར་ལོངས་བྱུང་སྟེ་སྒོར་དུང་ཕྱུར700ལྷག་ཏུ་སླེབས་ཡོད། འདེབས་ལས་ཁེ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད།ཆུང་ཐོར་ཞན་གསུམ་གྱི་རྣམ་པ་ཐོག་མར་བསྒྱུར་བཀོད་བཏང་བས། ཕྱི་གླིང་གི་ས་བོན་དང་འགྲན་རྩོད་བྱེད་པའི་ཁྲོད་ནས་ཉམས་རྒུད་དུ་འགྲོ་ཕྱོགས་རྩ་བ་ནས་བསྒྱུར་སྟབས། ས་བོན་གྱི་སྣ་ཁ་དང་ཤེས་ལྡན་མི་སྣ།ཚོང་ར་བཅས་ཀྱི་ཐད་ཚང་མ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

ས་བོན་གྱི་སྣ་ཁ་ལ་འགྱུར་ལྡོག་བྱུང་བ།

ལོ་ངོ10ཡི་སྔོན་དུ།ཨ་མེ་རི་ཁའི་མ་རྨོས་ལོ་ཏོག་གི་ས་བོན་ཏེ་སྔོན་ཐོན་གྱི་མ་རྨོས་ལོ་ཏོག335རྟགས་ཅན་དེ་འབྲུ་རྡོག་རྐྱང་འདེབས་བྱས་ན་འཚམ་པོ་ཡིན་པའི་འཕྲུལ་ཆས་ཅན་གྱི་ལེགས་ཆ་འདུག་པར་བརྟེན་ནས། ལོ་འགའ་ཡི་དུས་ཡུན་ནང་རང་རྒྱལ་བྱང་ཤར་ཚོང་རའི་གཞི་ཁྱོན་མི་ཉུང་བ་ཞིག་ཟིན་སོང་། 2012ལོར་དར་བའི་རྩེ་མོར་སོན་དུས།ཁྱབ་གདལ་བཏང་བའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་གྱི8%ཟིན་ཡོད། “ཕྱི་རྒྱལ་ས་བོན་འབྲུ་རྡོག་བརྩིས་ནས་འཚོང་། རྒྱལ་ནང་ས་བོན་རྒྱ་མར་འཇལ་ནས་འཚོང་། ”སྐབས་དེ་ལ་ཚིག་དེ་ནི་མི་རྣམས་ཀྱི་ངག་ལ་གྱེར་བའི་ཁ་ཏོན་ལྟ་བུར་གྱུར། ཡིན་ན་ཡང་རང་རེའི་རྒྱལ་ཁབ་ཀྱི་རང་གིས་གསོས་པའི་མ་རྨོས་ལོ་ཏོག་གི་ས་བོན་དང་རྒྱལ་སྤྱིའི་སྔོན་ཐོན་ས་བོན་བར་གྱི་ཧེ་བག་ཀྱང་ཉི་ཤར་སྤར་མོས་མི་ཁེབས་པ་བཞིན་ཀུན་གྱི་མིག་ལ་གསལ་རྗེན་དུ་མངོན་ཡོད།

དུས་རབས་འདིའི་ཆེས་ཐོག་མའི་དུས་ཀྱི་ལོ་ངོ10རིང་དུ།རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་མགོ་བརྩམས་མ་ཐག་ཡིན་པ་དང་།ཏག་ཏག་སྐབས་དེར་སྟེས་དབང་གིས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་སའི་གོ་ལ་ཡོངས་ཀྱི་བཀོད་སྒྲིག་བྱེད་ཚུལ་གྱི་དུས་སྐབས་དང་འཕྲད་བྱུང་།འདེབས་ལས་ཚོང་ར་ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་པའི་རྗེས་སུ། རང་རྒྱལ་ནས་ཐོན་པའི་འདེབས་ལས་འཕེལ་རྒྱས་ལ་གནོན་ཤུགས་ཧ་ཅང་ཆེན་པོ་ཐེབས། དེའི་དུས་སུ་ཕྱི་གླིང་པའི་ས་བོན་གྱི་འཐུས་ཚབ་ནི་མ་རྨོས་ལོ་ཏོག་ཡིན་ལ།སྔོན་ཐོན་གྱི་མ་རྨོས་ལོ་ཏོག335རྟགས་ཅན་དང་སྒྲིག་བཀོད་ལྡན་པའི་སྔོ་ཚོད་ཀྱི་ས་བོན་ཁ་ཤས་ཤིན་ཏུ་ཁྱབ་གདལ་བྱུང་སྟེ།དར་བའི་རྩེ་མོར་སོན་དུས། སྔོན་ཐོན་གྱི་མ་རྨོས་ལོ་ཏོག335རྟགས་ཅན་དེ་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་ས་མུའུ་ཁྲི4000ལྷག་ལ་སླེབས་པ་དང་།སྐབས་དེར་ཕྱི་རྒྱལ་གྱི་ས་བོན་གྱིས་ཧྲན་ཏུང་ཧྲོའུ་ཀོང་གི་སྒྲིག་བཀོད་ལྡན་པའི་སྔོ་ཚོད་ས་བོན་གྱི་ཚོང་ར་ཕལ་ཆེ་བ་ཞིག་བདག་བཟུང་བྱས་མྱོང་། ཡིན་ཡང་མིག་སྔར་ཐོད་བརྒལ་རང་བཞིན་གྱི་ས་བོན་གསར་པ་བཟང་པོ་དག་རྒྱུན་མ་ཆད་པར་ཐོན་བྱུང་བས། རྒྱལ་ནང་གི་འདེབས་ལས་ཁེ་ལས་ཀྱི་མི་འདང་ས་སླར་གསོ་ཁ་གསབ་བྱེད་བཞིན་ཡོད་ཅིང་།རང་རྒྱལ་ནས་ཐོན་པའི་ས་བོན་གྱི་གཙོ་ཁྲིད་གོ་གནས་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་བ་དང་།ཕྱི་རྒྱལ་གྱི་ས་བོན་གྱི་གྲངས་འབོར་མར་ལྷུང་བའི་འཕེལ་ཚུལ་མངོན་ཞིང་། ཆུ་འབྲས་དང་གྲོ་དང་སྲན་ཆེན།སྣུམ་ཚོད་ལ་སོགས་པ་ཚང་མ་ཡང་རང་བདག་གིས་འདེམ་གསོ་བྱས་པའི་ས་བོན་གྱི་རིགས་ཡིན་ཕྱིར། རྒྱུད་རྒྱུ་བསྒྱུར་བའི་འབུ་འགོག་སྲིང་བལ་གྱི་ས་བོན་རང་རྒྱལ་ནས་བཟོ་ཐུབ་པའི་ཚད95%ལ་སླེབས་ཤིང་། སྔོ་ཚོད་ཀྱི་རང་བདག་འདེམ་གསོའི་ས་བོན་གྱིས87%ཡན་ཆད་ཟིན་ཡོད་པ་དང་། མ་རྨོས་ལོ་ཏོག་གི་རང་བདག་འདེམ་གསོའི་ས་བོན་གྱིས85%ཡན་ཆད་ཟིན་ཡོད་པ་རེད།

ཚན་རིག་ཞིབ་འཇུག་ལ་འགྱུར་ལྡོག་བྱུང་བ།

ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱི་ཚོང་ལས་ཅན་དེ་ས་བོན་ཁེ་ལས་ལ་ཁ་འབྲལ་ཐབས་མེད་ཅིང་། ས་བོན་ཁེ་ལས་ཀྱིས་སོན་རིགས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ་ལ་ལྷག་ཏུ་ཚན་རིག་ཞིབ་འཇུག་མི་སྣར་གཏན་ནས་ཁ་འབྲལ་ཐབས་མེད། དེ་སྔོན། རང་རྒྱལ་གྱི80%ཡི་འདེབས་ལས་ཚན་རྩལ་མི་སྣ་གཅིག་བསྡུས་ཀྱིས་ཚན་རིག་ཞིབ་འཇུག་ལས་ཁུངས་ནང་དུ་འདུས་ཡོད། ཡིན་ན་ཡང80%ཡི་འདེབས་ལས་ཁེ་ལས་ལ་རང་བདག་གསར་སྐྲུན་ནུས་པ་མི་འདང་བར་ཞན་པོ་ཡིན་པས།རྣམ་པ་འདིའི་རིགས་ཁ་ཕྱོགས་བསྒྱུར་བར་དགོས་གཏུག་ཧ་ཅང་ཆེན་པོ་བྱུང་། ཚན་རྩལ་མི་སྣ་ལ“ཁེ་ལས་ཀྱི་ཆེད་དུ་སོན་གསོ་དང་ཁེ་ལས་ལ་སོང་ནས་སོན་གསོ“བྱེད་དུ་འཇུག་པ་ནི་རྣམ་པ་འདི་ཉིད་ཀྱི་ཁ་ཕྱོགས་བསྒྱུར་བའི་འཇུག་སྒོ་ལྟ་བུ་ཡིན། 2014ལོའི་ལོ་མཇུག ཞིང་ལས་པུའུ་དང་ཚན་རྩལ་པུའུ།ནོར་སྲིད་པུའུ་བཅས་ཀྱིས་མཉམ་དུ་སྦྲེལ་ནས་ཡིག་ཆ་མར་བཀྲམ།ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་ལོ་ཏོག་སུའོ་དང་ཆུ་འབྲས་སུའོ།སྔོ་ཚོད་མེ་ཏོག་སུའོ་དང་དེ་མིན་ཀྲུང་གོ་ཞིང་ལས་སློབ་ཆེན་མ་རྨོས་ལོ་ཏོག་ལེགས་སྒྱུར་ལྟེ་གནས་བཅས་ཚན་རིག་ཞིབ་འཇུག་གི་ལས་ཁུངས་བཞི་གཏན་འཁེལ་བྱས་ནས། འདེབས་ལས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལས་ཁུངས་དང་ཚན་རིག་ཞིབ་འཇུག་མི་སྣའི་ཁེ་དབང་བསྡུར་ཚད་ཀྱི་ཚོད་ལྟའི་བྱ་བ་སྤེལ། ཁེ་དབང་བཅོས་བསྒྱུར་དེས་ཚན་རིག་ཞིབ་འཇུག་མི་སྣའི་གྲུབ་འབྲས་ཁྲོད་དུ་ཟིན་པའི་བསྡུར་ཚད་ལ་ཆེས་དམའ་བའི་མཚམས་ཐིག་བཅད། སོན་རིགས་གསར་པའི་དབང་ཆའི་ཁེ་དབང་གི་བསྡུར་ཚད40%ལས་དམའ་མི་རུང་ཞིང་། སོན་གསོ་རྒྱུ་ཆའི་བསྡུར་ཚད60%ལས་དམའ་མི་རུང་། ད་ལོ་ཚོད་ལྟའི་ལས་ཁུངས་ནི་ཆེས་ཐོག་མའི་དུད་ཁྱིམ4ནས་རིམ་གྱིས་རྒྱ་བསྐྱེད་དེ་རྒྱལ་ཡོངས་ཀྱི་དུད་ཁྱིམ122ལ་ཡར་འཕེལ་བྱུང་ཡོད། ཀྲུང་གོའི་ས་བོན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ལི་ཆིའུ་ཡིས་བཤད་པ་ལྟར་ན། རང་རྒྱལ་ལ་ཚན་ཞིབ་ལས་ཁུངས400ཙམ་ཡོད་པའི་ནང་གི་ཚན་རིག་ཞིབ་འཇུག་མི་སྣ་ཁྲི1.6གིས་འདེབས་ལས་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད་པ་དང་། སོན་གསོ་མི་སྣའི་གྲངས་ཀ་འཛམ་གླིང་གི་ཨང་དང་པོ་ཟིན་ཡོད།

ཁེ་ལས་གཉེར་ཚུལ་ལ་འགྱུར་ལྡོག་བྱུང་བ།

དེང་རབས་འདེབས་ལས་ཀྱི་འགྲན་རྩོད་ནི་འདེབས་ལས་ཁེ་ལས་ཀྱི་འགྲན་བསྡུར་ཞིག་ཡིན་ལ།ཚན་རྩལ་དང་མ་རྩའི་དངོས་ཤུགས་ཀྱི་འགྲན་རྩོད་ཀྱང་ཡིན། མིག་སྔར་སོན་གསོ་ནི་ཕྱོགས་ཡོངས་ནས་ཆ་རྡུལ་སོན་གསོའི་དུས་རབས་སུ་ཞུགས་ཟིན་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་ཡིས་གཞི་ཁྱོན་ཆེན་པོའི་སྒོ་ནས་ལྡབ་ཉིས་འགྱུར་གྱི་ལག་རྩལ་སོགས་བཀོལ་བཞིན་ཡོད་པ་དང་། སོན་གསོ་བྱེད་པའི་ཐད་ལ་གཞི་ཁྱོན་ཆེན་པོ་དང་ཞིབ་ཚད་ཅན་སོགས་ཀྱི་ཁྱད་ཆོས་མངོན་པར་ཐོན་ཡོད།

ཉེ་བའི་ལོ5ཡི་རིང་དུ། གོ་ལ་ཧྲིལ་པོའི་འདེབས་ལས་ཚོང་ར་ཡི་སྤྱིའི་ཚོང་རའི་རིན་ཐང་ལ་འཕར་འགྲིབ་ཡོད་པ་མངོན་སུམ་ཡིན་མོད། འོན་ཀྱང་རྒྱལ་ནང་གི་ས་བོན་གྱི་ཚོང་རའི་རིན་ཐང་བསྟུད་མར་ཡར་འཕར་བ་དང་། ཨ་མེ་རི་ཁའི་འཕྲོ་ནས་གོ་ལ་ཡོངས་ཀྱི་ཚོང་ར་ཆེན་པོ་ཨང་གཉིས་པར་གྱུར་འདུག ཚོང་ར་སྔར་ལས་རྒྱ་ཆེར་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་འདེབས་ལས་ཁེ་ལས་ཀྱི“ཆུང་ཐོར་ཞན་གསུམ“གྱི་རྣམ་པ་མངོན་གསལ་དུ་ལེགས་བཅོས་བྱུང་ཡོད་པ་རེད། མིག་སྔར་རྒྱལ་ཡོངས་སུ་དཔང་ཡིག་བསྣམས་པའི་འདེབས་ལས་ཁེ་ལས་ཀྱི་དུད་ཁྱིམ་4300ཡོད་པ་དང་། ལོ5ཡི་སྔོན་དང་བསྡུར་ན50%ཇེ་ཉུང་དུ་ཕྱིན་འདུག་ཅིང་། རྐང་དངུལ་ཉོ་ཚོང་ཚོང་རར་ཐོན་པའི་ཁེ་ལས50ལྷག་ཡོད་པ་དང་།ཚོང་རའི་རིན་ཐང་དེ་སྒོར་དུང་ཕྱུར་སྟོང་ལས་བརྒལ་འདུག ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་གཅིག་ཡན་ཆད་དུ་སླེབས་པ་དུད་ཁྱིམ200ལྷག་ཡོད་པ་དང་། ལོ5ཡི་སྔོན་དང་བསྡུར་ན་ལྡབ2ལྷག་འཕར་སྣོན་བྱུང་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ད་ལྟ་མ་རྨོས་ལོ་ཏོག་དང་ཆུ་འབྲས་ཀྱི་ཁེ་ལས་རང་གསོ་སོན་རིགས་སོ་སོར་ཟིན་པའི་ཚད50%དང་47%ཡིན་པ་དེ། ལོ5ཡི་སྔོན་དང་བསྡུར་ན་བརྒྱ་ཆའི་ཆ8མཐོར་འདེགས་བྱུང་ཡོད་པ་རེད། །


  • 顶 0