བོད་ཀྱིས“5G+འཕྲུལ་མིའི”ལག་རྩལ་སྤྱད་དེ་རྒྱང་ཁྲིད་རུས་ནད་གཤགས་བཅོས་བདེ་བླག་ངང་ལེགས་སྒྲུབ་བྱས་པ།

2021-04-26
0

ཟླ་4ཚེས་19ཉིན། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་འཕྲུལ་མིའི་རྒྱང་ཁྲིད་གཤགས་བཅོས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཤགས་བཅོས་ཁང་གིས་5Gའཕྲིན་གཏོང་ལག་རྩལ་གྱི་སྐབས་ཐོག་འབྲེལ་མཐུད་བརྒྱུད། ཅིང་བོད་མཉམ་ལས་བྱས་ནས“5G+འཕྲུལ་མིའི”རྒྱང་ཁྲིད་རུས་ནད་གཤགས་བཅོས་བདེ་བླག་བྱུང་བ་རེད། པེ་ཅིང་གི་བོད་སྐྱོར་སྨན་པ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་རེན་ཐེ་ཡིས། ད་རེས་རྒྱང་ཁྲིད་གཤགས་བཅོས་བདེ་བླག་བྱུང་བ་དེས་རྙོག་འཛིང་ཆེ་བའི་རྨས་མ་དང་སྒལ་ཚིགས་གཤགས་བཅོས་དེ་བས་མང་བ་བྱེད་རྒྱུར་རྨང་གཞི་འདིང་རྒྱུ་རེད། དེར་སྨན་བཅོས་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྐོང་རྒྱུའི་ངོས་ནས་བརྗོད་ན། དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད། འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པས་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་རྒྱང་ཁྲིད་མཛུབ་ཁྲིད་འོག་རུས་ནད་འཕྲུལ་མི་སྤྱད་དེ་རུས་ནད་གཤགས་བཅོས་བྱེད་བཞིན་ཡོད་པ།


  • 顶 0